ཉག་རོང་རྫོང་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་གྱི་ཡར་རྒྱས་དཔེ་བཟང་ཚོགས་པ་ཞེས་པའི་མཚན་སྙན་ཐོབ།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས། ངེད་དྲ་བ། སྤེལ་དུས། 11-20


             སྤྱི་ཟླ་11པའི་ཚེས་14ཉིན། སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་མངགས་བཅོལ་འོག སི་ཁྲོན་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གིས་ཁྲེན་ཏུའུ་གྲོང་ཁྱེར་དུ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་གྱི་ཡར་རྒྱས་དཔེ་བཟང་གཟེངས་བསྟོད་མཛད་སྒོ་སྤེལ་ཞིང་། སི་ཁྲོན་ཞིང་ཆེན་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐེངས་དྲུག་པའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་གྱི་ཡར་རྒྱས་གཟེངས་བསྟོད་ཚོགས་ཆེན་ཐོག་ཏུ་དཔེ་བཟང་ཚོགས་པ་26དང་དཔེ་བཟང་མི་སྒེར་34ཡི་གཟེངས་བསྟོད་ཐོབ་ཡོད།

             སྤྱི་ཟླ་9པའི་ཚེས་28ནས་ཚེས་29བར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐེངས་དྲུག་པའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་གྱི་ཡར་རྒྱས་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། གྲོས་ཚོགས་ཐོག་2009ལོ་ནས་བཟུང་མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ལས་ཀའི་ཁྲོད་གཟེངས་སུ་ཐོན་པའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་དཔེ་བཟང་ཚོགས་པ་དང་། དཔེ་བཟང་མི་སྒེར་1496ལྷག་ལ་གཟེངས་བསྟོད་གནང་ཡོད། འདིའི་ཁྲོད་དུ་སི་ཁྲོན་ཞིང་ཆེན་གྱི་ཁམས་པ་བརྙན་འཕྲིན་ཁང་སོགས་དཔེ་བཟང་ཚོགས་པ་26དང་ཝང་ཧྲུའུ་ཞང་སོགས་དཔེ་བཟང་མི་སྒེར་34ལ་གཟེངས་བསྟོད་ཐོབ་ཡོད།

           ཉག་རོང་རྫོང་ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་གྱི་ཡར་རྒྱས་དཔེ་བཟང་ཚོགས་པ་ཞེས་པའི་མཚན་སྙན་ཐོབ།

           རྫོང་ཡོངས་ཀྱི་ལས་བྱེད་མང་ཚོགས་ཀྱིས། ཐེངས་འདིའི་གཟེངས་བསྟོད་ཚོགས་ཆེན་ཁྲོད་དུ་ང་ཚོར་མཚན་སྙན་དེ་འདྲ་ཐོབ་པ་ནི། རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཡང་དག་པའི་སྣེ་ཁྲིད་དང་རྫོང་ཡོངས་ཀྱི་གོང་འོག་གཉིས་ནས་མཉམ་དུ་འབད་པ་བྱས་པའི་འབྲས་བུ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད། ཚང་མས་མཚན་སྙན་གཅེས་སྐྱོང་དང་གྲུབ་འབྲས་བརྟན་བརླིང་ངང་། ཐེངས་འདིའི་གཟེངས་བསྟོད་ཐོབ་པ་དེས་མ་འོངས་པའི་ཉག་རོང་རྫོང་གི་མི་རིགས་མཐུན་སྒྲིལ་ཡར་རྒྱས་གོང་སྤེལ་གྱི་ལས་ཀ་ཡག་པོ་བསྒྲུབ་པར་སྔར་ལས་ལྷག་པའི་སྐུལ་མ་ཐེབས་པར་བྱས་ཏེ། ཉག་རོང་རྫོང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་དཔེ་སྟོན་ཁུལ་དང་རྫོང་འཛུགས་པའི་ཐད་དུ་རང་ཉིད་ཀྱི་བྱས་རྗེས་འཇོག་དགོས་ཞེས་བསྟན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1