ཟླ་ངོ་བརྒྱད་ཀྱི་རིང་ལ་དཀའ་སྤྱད་འབད་བརྩོན་གྱིས་གློག་དྲ་སྦྲེལ་བའི་ལས་གཞི་འཛུགས་སྐྲུན་བྱས་པ་བརྒྱུད་ནས། ད་ལྟ་སི་ཁྲོན་དཀར་མཛེས་གློག་དྲ་དང་བོད་ལྗོངས་ཆབ་མདོ་གློག་དྲ་གཉིས་ཀྱིས་མཉམ་འབྲེལ་སྒོས་གློག་དྲ་སྦྲེལ་བའི་ལས་གཞི་ཡོངས་འགྲུབ་ཀྱི་དུས་ཚོད་ལྡོག་རྩིས་བྱེད་པའི་དུས་རིམ་ལ་སླེབས་ཡོད། སྤྱི་ཟླ་11པའི་ཚེས་17ཉིན། གསར་འགོད་པས་ཁྲོན་བོད་གློག་དྲ་སྦྲེལ་བའི་ལས་གཞི་འཛུགས་སྐྲུན་གྱི་མཛུབ་སྟོན་པུའུ་ནས་གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར། ཁྲོན་བོད་གློག་དྲ་སྦྲེལ་བའི་ལས་གཞི་ཡོངས་རྫོངས་ཚོད་ལྟའི་འཁོར་སྐྱོད་ཀྱི་ལས་རིམ་ལ་སླེབས་ཏེ། གློག་དྲའི་འཁོར་སྐྱོད་གནས་ཚུལ་ཤིན་ཏུ་ལེགས་པས། ལས་གཞི་ཡོངས་འགྲུབ་ཀྱི་དུས་ཚོད་ལོ་ཕྱེད་ཀྱི་སྔོན་ལ་བྱས་པ་སྟེ། སྔོན་རྩིས་བྱས་པ་ལྟར་ན་སྤྱི་ཟླ་11པའི་ཚེས་20ཉིན་དངོས་སུ་ལས་གཞིའི་འགོ་བརྩམས་རྒྱུ་རེད།
ཁྲོན་བོད་གློག་བྲ་སྦྲེལ་བའི་ལས་གཞི་ནི་བོད་ཁུལ་གློག་དྲ་ཡི་དྲ་རྒྱ་གཙོ་བོ་དེ་ཡིན་ལ། བོད་ལྗོངས་ཆད་མདོ་ས་ཁུལ་དང་སི་ཁྲོན་དཀར་མཛེས་ལྷོ་རྒྱུད་ཀྱི་ཆུ་གློག་ཕྱིར་འདྲེན་བྱེད་པའི་ལམ་ཐིག་ཆེན་པོ་ཞིག་ཀྱང་ཡིན། ལས་གཞི་འདི་ཡོངས་འགྲུབ་བྱུང་ཚེ། བོད་ལྗོངས་ཆབ་མདོ་ས་ཁུལ་དང་སི་ཁྲོན་དཀར་མཛེས་ཀྱི་ལྷོ་རྒྱུད་ས་ཁུལ་གཉིས་ལ་གློག་མེད་པའི་གནད་དོན་རྩ་བ་ནས་སེལ་ཐུབ། དེ་བཞིན་བོད་ཁུལ་གྱི་མི་གྲངས་ཁྲི་145ཡི་འཚོ་བ་གློག་དྲ་ཆེན་པོའི་དུས་རབས་སུ་བསྐྱོད་རྒྱུ་ཡིན་པ་དང་། བོད་ལྗོངས་ཤར་རྒྱུད་དང་དཀར་མཛེས་ལྷོ་རྒྱུད། དེ་མིན་འབྲི་ཆུའི་སྟོད་རྒྱུད་ཀྱི་འཕེལ་རྒྱས་དང་བོད་ཁུལ་གྱི་དམངས་འཚོ་ལེགས་བཅོས་སོགས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། །