ཉེ་ལམ། གློ་བུར་དུ་བྱུང་བའི་ཏོག་གསར་གློ་ཚད་ལས་ཀྲུང་གོའི་མི་དམངས་དུང་ཕྱུར་མང་པོའི་སེམས་ལ་ཤུགས་རྐྱེན་ཆེན་པོ་བཟོས་ཡོད་པ་མ་ཟད། ཟུང་ཆུ་རྫོང་དམུ་དགེའི་མི་སེར་མང་པོའི་སེམས་ལ་ཡང་ཤུགས་རྐྱེན་ཐེབས་ཡོད། རིམས་ནད་ནི་འདུ་འཛོམས་མཚོན་རྟགས་ཡིན་ཞིང་། ཉེན་ཁ་ཆེ་དུས་འགན་འཁྲི་འཁུར་ཕོད་པ་དང་། རིམས་ནད་འཕེལ་རྒྱས་མགྱོགས་མྱུར་ལ་ཁ་གཏད་འཇལ་བས། དམུ་དགེ་གྲོང་རྡལ་ཏང་ཨུའི་སྲིད་གཞུང་གིས་བྱམས་སེམས་རོགས་སྐྱོར་བྱེད་སྒོ་ཧུར་ཐག་གིས་སྤེལ། དམུ་དགེ་གྲོང་རྡལ་གྱི་ཁྱིམ་ཚང་ཡོངས་ཀྱིས་རང་ཉིད་སྲུང་སྐྱོང་གང་ལེགས་བྱས་པའི་དུས་མཚུངས་སུ། རིམས་ནད་ས་ཁུལ་ལ་སེམས་ཁྲལ་བྱས་འདུག ཚང་མས་སེར་སྣ་མེད་པའི་སྒོ་ནས་ཧུའུ་པའེ་ཞིང་ཆེན་ཝུའུ་ཧན་གྲོང་རྡལ་གྱི་རིམས་ནད་ལ་འཐབ་བརྩོན་དང་ངོ་རྒོལ་བྱེད་པར་ཞལ་འདེབས་ཕུལ་ཏེ། རང་ཉིད་ཀྱི་བྱད་སྤྱོད་དངོས་ཀྱི་ཐོག་ནས་གསར་བརྗེའི་ས་ཁུལ་རྙིང་བ་ནས་ཁྱིམ་ཚང་དང་རྒྱལ་ཁབ་གྱི་བརྩེ་སེམས་དང་དྲིན་ཚོར་པའི་འདུ་ཤེས་མངོན་པར་བྱས།
མི་སྣ་མང་པོ་འདུ་འཛོམས་མི་ཡོང་བ་བྱ་ཆེད། གྲོང་རྡལ་དང་སྡེ་བའི་ལས་བྱེད་པས་སྡེ་བ་དང་ཁྱིམ་ཚང་རེ་རེ་བཞིན་རང་འགུལ་ངང་ཞལ་འདེབས་བསྡུ་བ་དང་སྐད་འཕྲིན་གྱི་ལམ་ནས་གཏོང་སྤྲོད་བྱེད་རྒྱུ་སོགས་ཀྱི་ཐབས་ལམ་སྤྱད་དེ། གྲོང་རྡལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་། ཁྱིམ་ཚང་དབུལ་བོ། མང་ཚོགས། གྲྭ་བཙུན་བཅས་ཀྱིས་བྱམས་སེམས་མཚོན་པར་བྱས་ཡོད། ཟླ་གཉིས་པའི་ཚེས་བཅུ་གཅིག་ཉིན་གྱི་ཕྱི་དྲོའི་བར་དུ།ཞལ་འདེབས་ཁྱོན་སྡོམ་མ་དངུལ་སྒོར་201485གཅིག་རྗེས་གཉིས་མཐུད་ངང་འབྱོར་ཡོད། བྱམས་སེམས་ཞལ་འདེབས་བསྡུ་བའི་བྱེད་སྒོ་དེ་ད་དུང་ཧུར་ཐག་ངང་སྤེལ་བཞིན་ཡོད་པ་སོགས་ཨ་སྔོན་སྡེ་བའི་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་ཏང་ཡོན་རྒན་གྲས་ཁེ་ཅེ་ཡིས་དུས་དང་རྣམ་པ་ཀུན་ཏུ་ཝུའུ་ཧན་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དོ་ཁུར་བྱེད་བཞིན་ཡོད་པ་དང་ཐེངས་མང་པོར་སྡེ་བའི་ཨུ་ཡོན་གཉིས་དང་གྲོང་རྡལ་སྲིད་གཞུང་ལ་རང་གི་ཞལ་འདེབས་རྒྱག་པའི་འདུན་པ་མཚོན་པར་ཐེངས་གང་མང་ལ་བཤད་ཡོད། དེ་རིང་ཁོས་རང་ཉིད་ཀྱི་གསོག་འཇོག་བྱས་པའི་ལས་འཁྱུར་ངལ་གསོའི་ཟླ་ཕོག་སྒོར་ཁྲི་གཅིག་བཟུང་ནས་གྲོང་རྡལ་དང་སྡེ་བའི་ལས་བྱེད་པའི་ལག་ཏུ་སྤྲད་དེ། ཁོས་ཝུའུ་ཧན་མི་དམངས་ལ་བཅངས་བའི་བརྩེ་སེམས་བརྒྱུད་སྤྲོད་བྱས་པ་རེད།
ཁོང་གིས་ང་ནི་ཏང་ཡོན་རྒན་གྲས་ཞིག་ཡིན་ལ།རྒྱལ་ཁབ་ཀྱི་ང་གསོ་སྐྱོང་བྱས་ཡོད། ད་སྐབས་ཡིན་ན་ང་ཚོ་དམུ་དགེ་གྲོང་རྡལ་གྱི་ཏང་ཨུ་སྲིད་གཞུང་གི་ཐུགས་ཁུར་འོག་ཏུ། འཚོ་བ་སྔར་ལས་ཇེ་བཟང་ནས་ཇེ་སྐྱིད་རེད། ང་རང་ལས་འཁྱུར་ངལ་གསོ་བྱས་རྗེས་ནམ་རྒྱུན་ཏང་དང་རྒྱལ་ཁབ་ལ་བཀའ་དྲིན་ཞུ་དགོས་བསམ་བྱུང་། དེ་རིང་ངའི་རང་ཉིད་ཀྱི་སེམས་མཚོན་པ་ཙམ་ཞིག་ཡིན་པས། རིམས་ནད་ལ་འཐབ་བརྩོན་བྱེད་རྒྱུ་སྔ་སེ་ནས་རྣམ་པར་རྒྱལ་བའི་སྨོན་ལམ་འདེབས་བཞིན་ཡོད། ཚང་མ་ལུས་བདེ་སེམས་སྐྱོད་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་ཅེས་བཤད།