①
ནད་ཡམས་སྔོན་འགོག་ཚོད་འཛིན་བྱེད་སྐབས།
རྒྱལ་ཡོངས་ཀྱི་གཅིག་གྱུར་བཀོད་འདོམས་རྒྱུན་འཁྱོངས་བྱ་དགོས།
རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་
ཏང་ཀྲུང་དབྱང་གི་
གཅིག་གྱུར་བཀོད་འདོམས་དང་།
གཅིག་གྱུར་མཐུན་སྦྱོར།
གཅིག་གྱུར་བཏང་འཛིན་བཅས་ལ།
ངེས་པར་དུ་བརྩི་སྲུང་ཞུ་བ་དང་
བཀའ་གསུང་ཅི་སྒྲུབ་ཞུ་དགོས།
②
སྟོབས་ཤུགས་གཅིག་སྡུད་ཐུབ་ན།
གཙོ་གནད་ས་ཁུལ་གྱི་
ནད་ཡམས་ཚོད་འཛིན་ཐུབ་ཅིང་།
རྒྱལ་ཡོངས་ཀྱི་ནད་ཡམས་འགོ་ཁྱབ་བཀག་འགོག་ཐུབ།
③
སྐྱོབ་བཅོས་ཐོན་ཁུངས་དང་།
འགོག་སྲུང་ཐོན་ཁུངས་དག
ནད་ཡམས་འགོག་བཅོས་ཀྱི་
འཐབ་ས་དང་པོར་མཐའ་གཅིག་ཏུ་གཅིག་སྡུད་བྱ་དགོས།
འཐབ་ས་དང་པོའི་སྨན་དོན་མི་སྣ་དང་།
ནད་པ་སྐྱོབ་བཅོས་ཀྱི་དགོས་མཁོ་སྔོན་ལ་སྐོང་དགོས།
④
སྨན་དོན་མི་སྣར་ཉེས་རྡུང་གཏོང་བ་དང་།
སྨན་བཅོས་སྒྲིག་ལམ་ལ་གཏོར་བཤིག་གཏོང་རིཊ།
འཕྲལ་ཐག་ཆོད་པོས་ཐག་གཅོད་བྱ་དགོས།
⑤
དང་ཐོག་ཆོད་སེམས་བརྟན་དུ་གཏོང་དགོས།
གནད་དོན་དང་དཀའ་ངལ་ལ་ཞེད་མི་དགོས།
ངས་ཐེངས་མང་བརྗོད་མྱོང་བ་ཞིག་ནི།
ཀྲུང་གོ་ནི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ཞིང་།
ལྡེམ་ཤུགས་ཆེ་ལ།
གདིང་ཤུགས་ཆེ་བས།
ལས་སླ་པོར་གུད་མི་སྲིད་ཅེས་པ་དེ་ཡིན།
⑥
རི་སྐྱེས་སྲོག་ཆཊ་ཀྱི་ཤ་བཟས་ན་ཉེན་ཁ་ཧ་ཅང་ཆེ།
འོན་ཀྱང་རི་སྐྱེས་སྲོག་ཆཊ་ཀྱི་ཤ་ཡི་ཐོན་ལས།
སྔར་བཞིན་གཞི་ཁྱོན་ཆེན་པོ་ཡོད།
སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ།
ཉེན་ཁ་ཆེན་པོ་བཟོ་བ་དག
སྣང་མེད་དུ་གཏན་ནས་འཇོག་མི་རུང་།
⑦
དགྲ་སྒོ་ཁར་སླེབས་ཚེ།
དེ་བས་ཀྱང་།
བཀོད་འདོམས་མ་འཁྲུག་པ་དང་།
བཏང་འཛིན་གཅིག་གྱུར་ཡོང་བ་བྱ་དགོས།
⑧
གཞི་རིམ་ལས་བྱེད་པའི་སེམས་ནུས་དེ་བས་མང་བ།
རིམས་འགོག་གི་འཐབ་ས་དང་པོར་གཏོང་དུ་འཇུག་དགོས་པ་ལས།
ཕྱི་ཚུལ་རིང་ལུགས་དང་།
དཔོན་ཉམས་རིང་ལུགས་ཀྱིས་
གཞི་རིམ་གྱི་ཁུར་པོ་ལྕི་རུ་གཏོང་བ་དང་
གཞི་རིམ་ལས་བྱེད་པའི་སེམས་ནུས་ཟད་པར་བྱེད་མི་རུང་།
⑨
ལས་ཀ་མི་བྱེད་པ་དང་།
བྱས་ཀྱང་ཡག་པོ་མི་བྱེད་པ།
ལས་ཀར་གཟབ་ནན་མེད་པ།
ལས་ཀ་གཏིང་ཟབ་མི་བྱེད་པ།
ལས་ཀ་བྱེད་མི་ཤེས་པ།
ལས་ཀ་བྱེད་མི་ནུས་པ་བཅས་ཀྱི་
ལས་བྱེད་པ་དེ་རིགས་ཀྱི་
འགན་འཁྲི་བདའ་འདེད་བྱ་དགོས་ལ།
གནད་དོན་ཚབས་ཆེ་བ་དག
རང་སར་གནས་དབྱུང་གཏོང་དགོས།
(གོང་གསལ་བཀའ་མོལ་དག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཟླ་2པའི་ཚེས་3ཉིན་ཀྲུང་དབྱང་ཆབ་སྲིད་ཅུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐོག་མིག་སྔའི་ཏོག་གསར་གློ་ཚད་ནད་ཡམས་ལ་ཁ་གཏད་གཅོག་པའི་ལས་དོན་གྲོས་ཚོགས་འཚོགས་སྐབས་གནང་བའི་གསུང་བཤད་ལས་བཏུས།)