སྐར་མ་ཕུར་བུའི་སྤྱི་སྐོར་སྲུང་སྐར་ཨང་གཉིས་པ་དེ། སྤྱི་ལོ་1960ལོར་ཨི་ཐ་ལིའི་གནམ་དཔྱད་རིག་པ་མཁས་ཅན་ཅ་ལི་ལོ་ཡིས་(Galileo)གསར་རྙེད་བྱུང་བ་དང་། སྲུང་སྐར་དེ་ཉིད་ད་སྔར་ཤེས་རྟོགས་བྱུང་བའི་སྐར་མ་ཕུར་བུའི་སྲུང་སྐར་ལས་སྐར་མ་ཕུར་བུ་དང་བར་ཐག་ཆེས་ཐག་ཉེ་བའི་སྲུང་སྐར་ཞིག་ཡིན་པ་རེད། སྤྱི་ཟླ་11པའི་ཚེས་17ཉིན། གསར་ལམ་ཁག་ནས་སྤེལ་བའི་གནས་ཚུལ་ལ་ལྟར་ན། ཨ་རིའི་འཇིག་རྟེན་མཁའ་སྐྱོད་ཅུས་ཀྱི་ཚན་རིག་པར་སྐར་མ་ཕུར་བུའི་སྲུང་སྐར་ཨང་གཉིས་པའི་ས་འོག་ནས་བ་ཚྭ་ཡི་མཚེའུ་ཆེན་པོ་ཞིག་གསར་རྙེད་བྱུང་ཡོད་པ་དང་མཚེའུ་དེའི་ཆུའི་གསོག་ཚད་མེ་གླིང་བྱང་མའི་མཚེའུ་གྲགས་ཅན་ཆེན་པོ་ལྔའི་བསྡོམས་འབོར་དང་མཚུངས་པ་ཙམ་ཡོད་འདུག
མཚེའུ་དེ་ཉིད་སྲུང་སྐར་དེའི་འཁྱགས་རོམ་གྱི་བང་རིམ་ལས་སྤྱི་ལེ་3གྱི་ས་འོག་ཏུ་ཡོད་པ་དང་། དེ་ནི་ཉི་མའི་ཁྱིམ་རྒྱུད་ཀྱི་སྐར་མ་དག་ལས་མིའི་རིགས་ཀྱིས་ད་ལྟའི་བར་གསར་རྙེད་བྱུང་བའི་ཚེ་སྲོག་གི་སྦྲུམ་གཞི་ཐོག་མ་དེར་འགྱུར་ཉེན་ཡོད་ཅིང་། སའི་གོ་ལ་ཕུད་པའི་ཉི་མའི་ཁྱིམ་རྒྱུད་ཀྱི་སྐར་མའི་ཁྲོད་དུ། ཚེ་སྲོག་འཚོ་གནས་ཀྱི་ཆ་རྐྱེན་བཟང་ཤོས་ལྡན་པའི་སྐར་མ་ཞིག་ཏུ་གྱུར་ཡོད། །