དཔལ་སྨད་གྲོང་རྡལ་རིམས་འགོག་དངོས་ཟོག་སྐྱེལ་འདྲེན་ དང་བླངས་གདོང་ལེན་རུ་ཁག

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-04


ཏང་གི་དར་ཆ་མཐོན་པོར་སྒྲེང་བཞིན་ལྭ་བ་དམར་པོ་གྲལ་འགྲིག་གྱོན་པའི་རིམས་འགོག་དངོས་ཟོག་སྐྱེལ་འདྲེན་དང་བླངས་གདོང་ལེན་རུ་ཁག་ཅིག་གིས་དཔལ་སྨད་གྲོང་རྡལ་དུ་རྫོང་ཡོངས་ལ་རིམས་འགོག་དངོས་ཟོག་རིགས་སོ་སོ་སྐྱེལ་འདྲེན་བྱེད་བཞིན་འདུག 


རུ་ཁག་དེར་རྒན་དར་གཞོན་གསུམ་གྱི་མི་20ལྷག་ཡོད་ལ། ཁོ་ཚོའི་ལས་ཀ་ནི་གོ་རིམ་ལྡན་པའི་སྒོ་ནས་ཉིན་མཚན་དབྱེར་མེད་ཀྱིས་དངོས་ཟོག་སྐྱེལ་འདྲེན་ཁག་ཐེག་བྱ་རྒྱུ་དེ་ཡིན་ལ་ཆ་སྙོམས་ཉིན་རེར་རིམས་འགོག་དངོས་ཟོག་ཏུན་60ལྷག་སྐྱེལ་འདྲེན་བྱེད་བཞིན་ཡོད། སྐབས་འགར་ནམ་གུང་གི་ཆུ་ཚོད་གསུམ་བཞིའི་བར་དུ་ལས་ཀ་མཚམས་འཇོག་མེད་པར་རིམས་འགོག་དངོས་ཟོག་བསྡུ་གསོག་དང་དབོར་སྐྱེལ་བྱེད་བཞིན། ལྟོགས་ན་གོ་རེེ་དང་ཁ་ཟས་ཙམ་མ་གཏོགས་ཟས་ཡག་པོ་ཞིག་ཟ་ཁོམ་མེད། ལོ་ན་50ཅན་གྱི་ཨ་ནེ་རྒན་མོ་ཞིག་ཀྱང་གདོང་ལེན་རུ་ཁག་ཏུ་ཡོད་དེ། མོས་བཤད་རྒྱུར། ང་ཚོའི་ལས་ཀ་འདི་དག་བཤད་རིན་མེད་པའི་དོན་ཆུང་རེད། ཡིན་ཡང་ལྷག་བསམ་རྣམ་དག་གིས་བསྒྲུབས་པ་ཡིན། རིམས་ནད་འདི་མགྱོགས་པོར་ཡལ་བར་སྨོན།

དཔལ་སྨད་གྲོང་རྡལ་གྱི་རིམས་འགོག་དངོས་ཟོག་སྐྱེལ་འདྲེན་དང་བླངས་གདོང་ལེན་རུ་ཁག་དེ་ནི་དང་བླངས་པའི་དཔེ་སྟོན་གཟུགས་བརྙན་ཙམ་ཡིན་ཏེ། ཐེངས་འདིའི་རིམས་འགོག་འཇབ་རྒོལ་གཡུལ་འཐབ་ཁྲོད། ཁེ་ལས་དང་ན་གཞོན་མང་པོ་ཞིག་གིས་མ་སྐུལ་དང་བླངས་སྒོས་སྒོར་མོ་དང་དངོས་པོ་ཞལ་འདེབས་ཕུལ་བ་དང་། དང་བླངས་པའི་ཞབས་ཞུ་རུ་ཞུགས་ཏེ། གཡུལ་འཐབ་ཀྱི་མདུན་སར་འབད་འཐབ་བྱེད་བཞིན་པའི་ལས་བྱེད་མི་སྣ་དང་མཉམ་དུ་རིམས་ནད་མཉམ་འགོག་མཉམ་རྒོལ་གྱི་རྫོང་རགས་བརྟན་པོ་ཞིག་བསྐྲུན་འདུག ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1