ཧུའུ་པེ་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་བཀོད་འདོམས་པུས་ནས་བརྡ་ཐོ་བསྒྲགས་གསལ། སྤྱི་ཟླ་3པའི་ཚེས་25ཉིན་གྱི་ཆུ་ཚོད་0ནས་བཟུང་། ཧུའུ་པེ་ཞིང་ཆེན་གྱི་ཝུའུ་ཧན་གྲོང་ཁྱེར་ཕུད་པའི་ས་ཁུལ་གཞན་དག་གི་བགྲོད་ལམ་ཚོད་འཛིན་མེད་པ་བཟོ་ནས། གོ་རིམ་ལྡན་པའི་ངང་ཕྱི་ཕྱོགས་འགྲིམ་འགྲུལ་སླར་གསོ་བྱེད་པ་དང་། ཧུའུ་པེ་ནས་འགྲོ་དགོས་མཁན་ཚོས་ཧུའུ་པེའི་བདེ་ཐང་ཨང་རྟགས“སྔོ་ལྗང་ཨང་རྟགས”ལ་བརྟེན་ནས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་འགྲོ་སྐྱོད་བྱེད་ཆོག་པ་རེད། སྤྱི་ཟླ་4པའི་ཚེས་8ཉིན་གྱི་ཆུ་ཚོད་0ནས་བཟུང་། ཝུའུ་ཧན་གྲོང་ཁྱེར་གྱི་བགྲོད་ལམ་དོ་དམ་ཚོད་འཛིན་བྱེད་ཐབས་མེད་པ་བཟོ་ནས། ཕྱི་ཕྱོགས་འགྲིམ་འགྲུལ་གོ་རིམ་ལྡན་པའི་ངང་སླར་གསོ་བྱེད་པ་དང་། ཝུའུ་ཧན་ནས་འགྲོ་དགོས་མཁན་ཚོས་ཧུའུ་པེའི་བདེ་ཐང་ཨང་རྟགས“སྔོ་ལྗང་ཨང་རྟགས”ལ་བརྟེན་ནས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་འགྲོ་སྐྱོད་བྱེད་ཆོག་པ་རེད།