བརྩེ་སེམས་ཀྱི་གོས་སྒྲོམ་ཞེས་པའི་སྤྱི་ཕན་རྩ་འཛུགས་རྔ་བ་ཁུལ་ཧུང་ཡོན་རྫོང་དུ་བསྐྱོད་པ།

ཏིང་འཛིན་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཏིང་འཛིན་བཀྲ་ཤིས།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 11-25


          2014ལོའི་སྤྱི་ཟླ་11པའི་ཚེས་21ཉིན་མོ་ནི། བརྩེ་སེམས་ཀྱི་གོས་སྒྲོམ་ཞེས་པའི་སྤྱི་ཕན་རྩ་འཛུགས་རྔ་བ་ཁུལ་ཧུང་ཡོན་རྫོང་དུ་བསྐྱོད་པའི་ཆེས་མཐའ་མཇུག་གི་ཉིན་མོ་ཡིན་ལ། ཉིན་འདིར་གོས་སྒྲོམ་ཚོགས་པའི་ཚོགས་མི་རྣམས་ཧུང་ཡོན་རྫོང་གསེར་སྡེ་ཡུལ་ཤོག་གི་སློབ་ཆུང་དུ་འབྱོར་ཡོད། ཧུང་ཡོན་རྫོང་གསེར་སྡེ་ཡུལ་ཤོག་གི་སློབ་ཆུང་ནི་1983ལོར་དངོས་སུ་བཙུགས་པ་དང་། རྫོང་ཐོག་ནས་སྤྱི་ལེ་102ཀྱི་ཤར་བྱང་མཚམས་སུ་གནས་ཡོད། འདི་ནི་ཧུང་ཡོན་རྫོང་གི་ཆེས་བས་མཐའ་དང་ཆེས་དབུལ་བོ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཆེས་རྗེས་ལུས་སུ་གྱུར་པའི་ཡུལ་ཤོག་ཅིག་ཡིན་ལ། འདི་ནས་ཤར་ཕྱོགས་སུ་བསྐྱོད་ན་ཟུང་ཆུ་རྫོང་དང་། བྱང་མཐའ་ནི་མཛོད་དགེ་རྫོང་དང་འདབས་འབྲེལ་ནས་ཡོད་པས། ས་འདི་རྫོང་གསུམ་གྱི་མཚམས་སུ་ཆགས་ཡོད་པ་དང་། སི་ཁྲོན་ཞིང་ཆེན་ནུབ་བྱང་མཐོ་སྒང་གི་ཆེས་དཔེ་མཚོན་ཅན་གྱི་འབྲོག་པ་རྐྱང་བའི་ཡུལ་ཤོག་ཅིག་ཀྱང་ཡིན། ཡུལ་ཤོག་འདིར་བསྡོམས་པས་ཁྱིམ་ཚང་1547དང་། སྤྱིའི་མི་གྲངས་6579ཡོད།

          གསེར་སྡེ་ཡུལ་ཤོག་གི་སློབ་ཆུང་དུ་བསྡོམས་པས་སློབ་མ་591ཡོད་ལ། གྲ་སྒྲིག་འཛིན་གྲྭར་སློབ་མ་134དང་། ལོ་རིམ་དང་པོར་སློབ་མ་116ཡོད། ལོ་རིམ་གཉིས་པར་སློབ་མ་61དང་། ལོ་རིམ་གསུམ་པར་སློབ་མ་121ཡོད། ལོ་རིམ་བཞི་པར་སློབ་མ་105དང་། ལོ་རིམ་ལྔ་པར་སློབ་མ་54ཡོད། དེ་མིན་དགེ་རྒན་སྐྱེས་པ་13དང་སྐྱེས་མ་18ཡོད། བསྡོམས་པས་འཛིན་གྲྭ་17ཡོད་ལ། སློབ་མ་ཚོར་ཞག་སྡོད་ཉལ་ཁང་ཡང་ཡོད་པས། སློབ་མ་མང་ཆེ་བ་སློབ་གྲྭའི་ནང་ཞག་སྡོད་བྱེད་བཞིན་ཡོད་པ་དང་། ཡང་འགའ་རེ་ཕྱིར་ཁྱིམ་ལ་འགྲོ་བཞིན་ཡོད། གསེར་སྡེ་སློབ་ཆུང་གི་སློབ་གྲྭའི་སྒྲིག་ཆས་མང་ཆེ་བ་རྙིང་བ་ཡིན་མོད། འོན་ཀྱང་སློབ་མ་ཚོའི་ཉལ་ཁང་ནི་སྤྲོ་སྐྱིད་ལྡན་པ་ཞིག་བྱས་ཡོད། ད་རུང་སློབ་གྲྭའི་ཟ་ཁང་ཡང་གཙང་མ་ཞིག་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1