སྤྱི་ཟླ་11པའི་ཚེས་22ཉིན། ཚེས་19ཉིན་ཀྲེ་ཅང་དབྱི་ཝུའུ་གྲོང་ཁྱེར་ནས་བསྐུར་བའི་ཙུང་ལི་ལི་ཁེ་ཆང་གི་བརྩེ་སེམས་མཚོན་པའི་ཐུམ་པོ་དེ་མཚོ་སྔོན་ཞིང་ཆེན་མགོ་ལོག་པད་མ་རྫོང་མ་ཁོ་ཧོ་ཡུལ་ཤོག་གི་ཞག་སྡོད་སློབ་གྲྭར་འབྱོར་ཞིང་། སློབ་ཆུང་འདིའི་དགེ་རྒན་དང་གཟའ་མཇུག་ལ་ཕྱིར་ཁྱིམ་དུ་མ་ལོག་པའི་སློབ་ཕྲུག་རྣམས་ཀྱིས་སྔ་མོ་ནས་ཙུང་ལི་ཡི་བརྩེ་སེམས་ཐུམ་པོ་ལ་རེ་ལྟོས་བྱས་ཡོད་ལ། མྱུར་འདྲེན་རླངས་འཁོར་སློབ་གྲྭའི་སྒོ་ནང་དུ་འཛུལ་མ་ཐག བྱིས་པ་ཚོར་སྤྲོ་བའི་འཛུམ་མདངས་རྒྱས་བཞིན་ཙུང་ལི་ཡི་བརྩེ་སེམས་ཐུམ་པོ་སྟེར་བའི་སར་རྒྱུགས་ཤིང་། ལག་ཏུ་བརྩེ་སེམས་ཐུམ་པོ་བཟུང་ནས་ཙུང་ལི་ལ་བཀའ་དྲིན་ཆེ་ཞེས་ཟེར་བཞིན་འདུག དགེ་རྒན་གྱི་སྣེ་ཁྲིད་འོག སློབ་ཕྲུག་ཚོས་སྤྲོ་སེམས་ཁོལ་བའི་ངང་ནས་ཞབས་བྲོ་འཁྲབ། །