དཀར་མཛེས་ཁུལ་གྱིས་འདབ་པ་ཉི་སྟེང་མཛེས་ལྗོངས་ཁུལ་དུ་རྒྱལ་ཁབ་ཀྱི་5Aརིམ་པའི་མཛེས་ལྗོངས་ཁུལ་གཏོད་རྒྱུའི་སྐུལ་སྤེལ་ཚོགས་འདུ་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-10



      ཟླ་4ཚེས་2ཉིན་གྱི་ཕྱི་དྲོར། དཀར་མཛེས་ཁུལ་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཤའོ་ཡིའུ་ཚའེ་ཡི་མངགས་བཅོལ་ལྟར་ཁུལ་ཨུད་ཀྱི་རྒྱུན་ཨུ། ཁུལ་་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ལིའུ་ཅིས་ཞང་གིས་འདབ་པ་ཉི་སྟེང་མཛེས་ལྗོངས་ཁུལ་དུ་རྒྱལ་ཁབ་ཀྱི་5Aརིམ་པའི་མཛེས་ལྗོངས་ཁུལ་གཏོད་རྒྱུའི་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ་དང་། མཛེས་ལྗོངས་ཁུལ་གཏོད་པའི་ལས་དོན་གནས་ཚུལ་གྱི་སྙན་ཞུ་གསན་པ་དང་དཀའ་ངལ་ཡོད་པའི་གནད་དོན་ཞིབ་འཇུག་ཐག་གཅོད་བྱས་ནས་གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་གནང་བ་རེད།
     ཁུལ་ཨུད་ཀྱི་རྒྱུན་ཨུ། དྲིལ་བསྒྲགས་པུའི་པུའུ་ཀྲང་སྐལ་བཟང་དང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། དུང་དཀར་ལུང་ཤུར་མཛེས་ལྗོངས་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཡན་ལེ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཁྲེན་ཐེན་ཁང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
     ཚོགས་འདུའི་ཐོག་གསར་གཏོད་ལས་དོན་སྤེལ་འགོ་ཚུགས་པ་ནས་བཟུང་འདབ་པ་ཉི་སྟེང་མཛེས་ལྗོངས་ཁུལ་གྱིས་སི་ཁྲོན་ཞིང་ཆེན་དང་། དཀར་མཛེས་ཁུལ། འདབ་པ་རྫོང་བཅས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ཚན་པ་ཁག་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་ཐོག་མཐའ་བར་གསུམ་དུ“5Aརིམ་པའི་ཚད་གཞི”དང་གསར་གཏོད་བླང་བྱར་དམ་པོར་དམིགས་ནས་རྨང་གཞིའི་འཛུགས་སྐྲུན་དང་། ཞབས་ཞུ། དོ་དམ། ཚོང་གཉེར་སོགས་ཀྱི་ཐད་ནས་ནུས་ཤུགས་ཡོད་རྒུས་ཞན་ཆ་གསབ་པ་དང་ཕྱོགས་བསྡུས་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་བཏང་བ་མ་ཟད། ན་ནིང་ཟླ་11པར་རྒྱལ་ཁབ་ཀྱི་5Aརིམ་པའི་མཛེས་ལྗོངས་ཁུལ་གྱི་མཛེས་ལྗོངས་སྤུས་ཚད་ཀྱི་རིགས་གཅིག་མཁས་ཅན་གྱི་ཞིབ་དཔྱད་བདེ་བླག་ངང་ཐོབ་ནས་རྒྱལ་ཁབ་ཀྱི་5Aརིམ་པའི་མཛེས་ལྗོངས་ཁུལ་གཏོད་པའི་གྲ་སྒྲིག་མིང་གཞུང་ནང་དངོས་སུ་བཅུག་པ་རེད། མིག་སྔར། ཏང་སྲིད་ཀྱིས་སྤྱི་འདོམས་དང་། སྡེ་ཚན་གྱིས་གཞོགས་འདེགས། ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་5Aརིམ་པའི་མཛེས་ལྗོངས་ཁུལ་གཏོད་པའི་ལས་དོན་རྣམ་པ་ཆགས་ཟིན་པ་དང་འདབ་པ་ཉི་སྟེང་མཛེས་ལྗོངས་ཁུལ་གྱིས་ཁོར་ཡུག་གི་སྤུས་ཚད་དང་། མཛེས་ལྗོངས་ཀྱི་སྤུས་ཚད། ཡུལ་སྐོར་བའི་བློ་ཡིད་ཚིམ་ཚད་བཅས་མུ་མཐུད་མཐོ་རུ་བཏང་སྟེ་ད་ལོ་ཞིང་ཆེན་རིམ་པའི་ཞིབ་བཤེར་བདེ་བླག་ངང་ཐོབ་པ་བྱས་ནས་རྒྱལ་ཁབ་ཀྱི་5Aརིམ་པའི་མཛེས་ལྗོངས་ཁུལ་གྲུབ་འབྲས་ཐོབ་པའི་ངང་གཏོད་རྒྱུ་འགན་ལེན་བྱེད་དགོས་ཞེས་བརྗོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1