ཨ་རིའི་ཙུང་ཐུང་འདེམས་འགྲན་པ་ཞིག་འདེམས་བསྐོ་ལས་ཕྱིར་བུད་པ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-10
ཟླ་4ཚེས་8ཉིན་ཨ་རིའི་དམངས་གཙོ་ཏང་གི་ཙུང་ཐུང་གི་འདེམས་འགྲན་པ་པོ་ཉི་སང་ཏེ་སིས་འདེམས་འགྲན་བྱེད་སྒོ་མཚམས་འཇོག་རྒྱུ་ཁྱབ་བསྒྲགས་བྱས་ནས། དམངས་གཙོ་ཏང་གི་སྔོན་འདེམས་ནང་ཞུགས་མཁན་དེ་སྔའི་ཙུང་ཐུང་གཞོན་པ་ཇའོ་པའེ་ཏེང་ལ་དམངས་གཙོ་ཏང་གི་ཙུང་ཐུང་གི་འོས་མིའི་མིང་འདོན་ཐོབ་ཆེད་འགྲོ་ལམ་བརྟན་དུ་བཏིང་བ་རེད།
ཉིན་དེར་སང་ཏེ་སིས་བརྙན་ལམ་གཏམ་བཤད་སྤེལ་ནས། འདས་ཟིན་པའི་གཟའ་འཁོར་ཁ་ཤས་རིང་ལ་ཁོང་དང་ཚོགས་པ་དང་དེ་བཞིན་རྒྱབ་སྐྱོར་བྱེད་མཁན་མང་པོ་ཞིག་གིས་འགྲན་བསྡུར་གྱི་མདུན་ལྗོངས་ལ“ཚོད་དཔག་དྲང་མོ”བྱས་ཡོད། ཨ་རི་ཡོངས་ཀྱི་ན་གཞོན་འདེམས་དམངས་དང་ཕོགས་ལེན་རིམ་གྲས་འབོར་ཆེན་གྱི་རྒྱབ་སྐྱོར་ཐོབ་ཡོད་མོད། འོན་ཀྱང་མིག་སྔར་དམངས་གཙོ་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་གྱི་ཏང་གི་འཐུས་མིའི་འདེམས་ཤོག་གི་གྲངས་འབོར་ཐད་པེ་ཏེང་མདུན་གྲལ་དུ་སླེབས་པའི་གནས་ཚུལ་ལ་གཞིགས་ན། ཁོང་ལ་དམངས་གཙོ་ཏང་གི་ཙུང་ཐུང་གི་འོས་མིའི་མིང་འདོན་ཕལ་ཆེར་ཐོབ་མི་སྲིད་ཟེར།
སང་ཏེ་སིས་གློད་ཚད་གསར་པ་ཨ་རིར་ཁྱབ་པའི་གནས་ཚུལ་འོག མུ་མཐུད་རྒྱལ་ཁ་ལེན་མི་ཐུབ་པའི་དམག་འཐབ་ཅིག་བརྒྱབ་ཚེ་ཁོང་ཉིད་ཀྱི་སེམས་མི་བདེ་བར་འགྱུར་བར་བརྟེན། ཁོང་གིས་འདེམས་འགྲན་བྱ་འགུལ་མཚམས་འཇོག་རྒྱུ་ཐག་བཅད་པ་ཡིན་ཟེར།