གཟུགས་བྱད་སླར་གསོ་འབྱུང་བར་ཕན་པ། མངལ་སྦྲུམ་པའི་དུས་སྐབས་སུ་ལུས་སྟེང་དུ་ཚིལ་ལི་མང་པོ་ཡོད་ལ། བྱིས་པར་ནུ་མ་བསྣུན་ན་ལུས་སྟེང་གི་རྙིང་ཚབ་གསར་བརྗེ་ལ་འགྱུར་བ་བྱུང་ནས་ལུས་པོའི་ཚོ་བྱང་བར་ཕན་པ་ཡོད།
ལུས་སེམས་བདེ་ལ་འབབ་པ། ནུ་མ་བསྣུན་པའི་སྐབས་སུ་ཨ་མའི་ལུས་སེམས་བདེ་ལ་འབབ་པ་དང་བྱིས་པ་ཡང་ནུ་མ་ནུ་ཞོར་གཉིད་ལ་ཡུར་ཏེ་མ་བུ་གཉིས་ཀར་སྐྱིད་སྣང་འབྱུང་གི་ཡོད། ཨ་མའི་ནུ་འོ་ནང་དུ་རང་བྱུང་གིས་གཉིད་ཁུག་པར་བྱེད་པའི་སྤྲི་དཀར་གྱི་རིགས་ཤིག་འདུས་ཡོད་པས་བྱིས་པར་གཉིད་ཁུག་པའི་སྣང་ཚུལ་ཐོན་ཅིང་། བྱིས་པས་ནུ་མ་ནུས་པ་ལས་ཨ་མའི་ལུས་སྟེང་གི་ཟགས་ཐོན་ལས་ལྷོད་ལ་འབབ་ཐུབ་པའི་སྐུལ་རྒྱུ་ཞིག་ཐོན་གིན་ཡོད།
བུ་སྣོད་སླར་གསོ་འབྱུང་བར་ཕན་པ། བྱིས་པས་ནུ་མ་ནུ་བའི་སྐབས་ཀྱི་དབུགས་གཏོང་ལེན་གྱིས་སྐུལ་རྒྱུའི་ཟགས་ཐོན་ལ་སྐུལ་འདེད་གཏོང་ཐུབ་པས། དེ་བུ་སྣོད་སླར་གསོ་འབྱུང་བར་ཕན་པ་ཡོད། །