༄༅།།འཛམ་གླིང་སའི་གོ་ལའི་ཉིན་མོ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། སྤེལ་དུས། 04-22


   

     འཛམ་གླིང་སའི་གོ་ལའི་ཉིན་མོ་ནི་ལོ་རེའི་སྤྱི་ཟླ4པའི་ཚེས22ཉིན་ཡིན་ལ། འདི་ནི་འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་བཙུགས་པའི་དུས་ཆེན་ཞིག་ཡིན། དུས་ཆེན་འདིས་མི་ཡོངས་ཀྱིས་མིག་སྔར་གྱི་ཁོར་ཡུག་གནད་དོན་གྱི་འདུ་ཤེས་མཐོར་འདེགས་གཏོང་བ་དང་། ཚང་མ་སྐུལ་སློང་བྱས་ཏེ་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་འགུལ་ནང་ཞུགས་སུ་བཅུག་ནས། སྐྱེ་ལྡན་ཐཱན་ཉུང་གི་འཚོ་བ་བརྒྱུད། སའི་གོ་ལའི་ཁོར་མོ་ཡུག་སྤྱི་ལེགས་བཅོས་བྱེད་པར་དམིགས་པ་རེད། འཛམ་གླིང་སའི་གོ་ལའི་ཉིན་མོ་ནི་ཀེ་ལའོ་ཏི.ཉེར་སིན་དང་ཏཱན་ཉི་སི.ཧེ་སི་གཉིས་ཀྱིས་སྤྱི་ལོ1970ལོར་མགོ་བསླངས་ལ། ད་ལྟའི་བར། ཉིན་མོ་འདིར་ཞུགས་མཁན་གྱི་རྒྱལ་ཁབ192སུ་འཕར་ཡོད།




 དུས་ཆེན་གནད་བསྡུས།

        སྤྱི་ལོ1970ལོའི་ཟླ4པའི་ཚེས22ཉིན་གྱི་སའི་གོ་ལའི་ཉིན་མོའི་བྱ་འགུལ་ནི། མིའི་རིགས་ཀྱི་ལོ་རྒྱུས་སྟེང་ཐེངས་དང་པོར་བྱུང་བའི་གཞི་རྒྱ་ཆེས་ཆེ་བའི་མང་ཚོགས་རང་བཞིན་གྱི་ཁོར་ཡུག་སྲུང་སྐྱོབ་བྱ་འགུལ་ཞིག་རེད། འདི་ཉིད་མིའི་རིགས་ཀྱི་དེང་རབས་ཁོར་ཡུག་སྲུང་སྐྱོབ་ཀྱི་མགོ་བསླངས་པ་ཡིས། ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཁོར་ཡུག་ཁྲིམས་སྲོལ་གཟུག་པར་སྐུལ་འདེད་བཏང་ཞིང་། ཨ་རི་རྒྱལ་ཁབ་ལ་མཚོན་ན་སྔ་རྗེས་སུ་མཁའ་དབུགས་གཙང་སེལ་གྱི་ཁྲིམས་དང་། ཆུ་གཙང་སེལ་གྱི་ཁྲིམས། རྒྱུད་ཆད་སྲོག་ཆགས་ཁྲིམས་སོགས་ཀྱི་ཁྲིམས་སྲོལ་བྱུང་ལ། 1973ལོར་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཁང་ཚུགས་ནས། རྒྱལ་སྤྱིའི་རང་བཞིན་གྱི་ཁོར་ཡུག་རྩ་འཛུགས་ཏེ། ལྗང་མདོག་ཞི་བདེ་རྩ་འཛུགས་བྱུང་བ་རེད།


དུས་ཆེན་གྱི་འབྱུང་ཁུངས།

        1969ལོར་ཨ་རིའི་དམངས་གཙོ་ཏང་གི་གྲོས་ཞུགས་མི་སྣ་ཀེ་ལའི་ཏི.ཉེར་སིན་གྱིས་ཨ་རིའི་སློབ་ཆེན་ཁག་ནས་གཏམ་བཤད་ཚོགས་འདུ་སྤེལ་ཞིང་། ལོ་རྗེས་མའི་ཟླ4པའི་ཚེས22ཉིན་རྩ་འཛུགས་བྱས་ཏེ་ཡོའེ་ནན་དམག་འཁྲུག་ལ་ངོ་རྒོལ་བྱེད་པའི་བརྗོད་དོན་གྱི་སློབ་རའི་ལས་འགུལ་སྤེལ་འཆར་བགྱིས་མོད། 1969ལོའི་སེ་ཡཱ་ཐུའུ་རུ་ཚོགས་པའི་གྲ་སྒྲིག་ཚོགས་འདུའི་སྟེང་། བྱ་འགུལ་དེའི་རྩ་འཛུགས་མི་སྣ་ཞིག་སྟེ། ཧྭ་ཝོར་ཏི་སློབ་ཆེན་ཁྲིམས་རིག་སློབ་གླིང་གི་སློབ་མ་ཏཱན་ཉི་སི.ཧེ་སི་ཡིས་བྱ་འགུལ་གྱི་ས་གནས་ཨ་རི་ཡོངས་བྱེད་ཅིང་། ཁོར་ཡུག་སྲུང་སྐྱོབ་གཙོ་དོན་དུ་འཛིན་པའི་དམངས་ཁྲོད་རང་བཞིན་ལས་འགུལ་སྤེལ་བར་བསམ་འཆར་བཏོན་པ་རེད།

ཚབ་མཚོན་མི་སྣ།

        ཏཱན་ཉི་སི.ཧེ་སི། 1970ལོའི་གོ་ལ་ཡོངས་ཀྱི་སའི་གོ་ལའི་ཉིན་མོའི་བྱ་འགུལ་གྱི་རྩ་འཛུགས་མི་སྣ་སྟེ། སའི་གོ་ལའི་ཉིན་མོའི་མནའ་འབྲེལ་བཙུགས་ཤིང་། ཁོང་ནི་ཨ་རིའི་ཆེས་མིང་གྲགས་ཅན་གྱི་ཁོར་ཡུག་རིང་ལུགས་པ་ཞིག་ཡིན་ལ། མཚན་ལ་སའི་གོ་ལའི་ཉིན་མོའི་ཡབ་ཆེན་གསོལ་ཡོད། མི་རྣམས་ཀྱིས་ཁོང་གིས1970ལོར་སྤེལ་བའི་སའི་གོ་ལའི་ཉིན་མོའི་བྱ་འགུལ་དེ་ཨ་རིའི་དེང་རབས་ཁོར་ཡུག་སྲུང་སྐྱོབ་ལས་འགུལ་གྱི་དབུ་ཁྱུད་དུ་བཟུང་ཡོད་ཅིང་། ཁོང་གིས1990ལོར་ཐེངས་དང་པོའི་འཛམ་གླིང་སའི་གོ་ལའི་ཉིན་མོའི་བྱ་འགུལ་རྩ་འཛུགས་བྱས་པ་ལ། རྒྱལ་ཁབ141དང་མི་གྲངས་དུང་ཕྱུར་གཉིས་ཐེངས་དེའི་བྱ་འགུལ་ལ་ཞུགས་པ་རེད།


དུས་ཆེན་གྱི་དོན་སྙིང་།
        འདི་ཉིད་ཀྱིས་མིའི་རིགས་ཀྱི་དེང་རབས་ཁོར་ཡུག་སྲུང་སྐྱོབ་ཀྱི་མགོ་བསླངས་པ་ཡིས། ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཁོར་ཡུག་ཁྲིམས་སྲོལ་གཟུག་པར་སྐུལ་འདེད་བཏང་ཞིང་། ཨ་རི་རྒྱལ་ཁབ་ལ་མཚོན་ན་རྒྱལ་ཁབ་ཁོར་ཡུག་སྲུང་སྐྱོབ་ཁང་གཟུག་པ་དང་། སྔ་རྗེས་སུ་མཁའ་དབུགས་གཙང་སེལ་གྱི་ཁྲིམས་དང་། ཆུ་གཙང་སེལ་གྱི་ཁྲིམས། རྒྱུད་ཆད་སྲོག་ཆགས་ཁྲིམས་སོགས་ཀྱི་ཁྲིམས་སྲོལ་འབྱུང་དུ་བཅུག་ཅིང་། ཚད་རིམ་ངེས་ཅན་གྱིས1972ལོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐེངས་དང་པོའི་མིའི་རིགས་ཁོར་ཡུག་གྲོས་ཚོགས་དེ་སཱི་ཏི་ཀར་མོ་ནས་འཚོག་པར་སྐུལ་འདེད་བཏང་ལ། ཤུགས་ཆེན་པོས་འཛམ་གླིང་རང་བཞིན་གྱི་ཁོར་ཡུག་སྲུང་སྐྱོབ་ལས་རིགས་འཕེལ་རྒྱས་སུ་བཏང་བ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1