མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བྱིས་སྒྲུང་ཀློག་དེབ་བཟོས་ནས་རིམས་འགོག་ཤེས་བྱ་ཁྱབ་གདལ་བཏང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-27



     ཉེ་ཆར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞི་མང་པོ་ཞིག་གིས་མཉམ་ལས་རོགས་ཟླ་དང་མཉམ་དུ་བྱིས་སྒྲུང་དེབ《ཁྱེད་ནི་ང་ཡི་དཔའ་བོ་ཡིན》ཞེས་པ་བཏོན་ཞིང་། དེབ་འདི་ནི་གོ་ལ་ཧྲིལ་པོའི་ལོ་6ནས་11བར་གྱི་བྱིས་པར་རྩོམ་སྒྲིག་བྱས་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་བའི་བྱིས་པའི་སྒྲུང་དེབ་ཅིག་ཡིན་པ་དང་དེའི་དམིགས་ཡུལ་ནི་བྱིས་པར་སེམས་ཁམས་ཀྱི་སློབ་གསོ་རྒྱབ་པ་དང་ཁོང་ཚོས་དེ་བས་ལེགས་པའི་སྒོ་ནས་རིམས་ནད་རྒྱུས་མངའ་ལོན་པ་དང་ཁ་གཏད་གཅོག་ཐུབ་པ་བྱ་ཆེད་ཡིན་པ་རེད།
     མཉམ་འབྲེལ་རྒྱལ་ཚོགས་བྱིས་པའི་ཐེབས་རྩ་ལྷན་ཚོགས་ཀྱིས་གསར་འགྱུར་རྩོམ་ཡིག་ཅིག་ནང་བྱིས་སྒྲུང་དེ་ཇུས་འགོད་བྱེད་སྐབས་འཛམ་གླིང་ས་གནས་ཁག་གི་བྱིས་པ་དང་། ཁྱིམ་བདག ལྟ་སྐྱོང་བ་བཅས་དང་དེ་བཞིན་དགེ་རྒན་1700ལྷག་ཙམ་གྱི་ས་ནས་ཁོང་ཚོ་སོ་སོའི་རིམས་འགོག་ཉམས་མྱོང་བསྡུ་ལེན་བྱས་ནས་རྒྱལ་ཁབ་མི་འདྲ་བ་དང་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བའི་ཁྲོད་ཀྱི་བྱིས་པ་ཚང་མས་དེབ་དེ་ལྟ་ཀློག་དང་གོ་བ་ཡག་པོ་ལེན་ཐུབ་པའི་འགན་ལེན་བྱས་ཡོད། དེབ་དེ་སྐད་ཡིག་30ལྷག་ཙམ་ལ་ཡིག་སྒྱུར་བྱས་ནས་དྲ་ཐོག་ནས་ལྟ་ཀློག་དང་སྐད་ལམ་གྱི་རྣམ་པའི་ཐོག་ནས་འདོན་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1