ལྷོ་ཨ་ཧྥེ་རི་ཁ་སྲིད་གཞུང་གིས་བརྟག་དཔྱད་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་བ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-28
རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་ལྷོ་ཨ་ཧྥེ་རི་ཁས་ཟླ་3ཚེས་26ཉིན་གྱི་ནམ་ཕྱེད་ནས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ“གྲོང་ཁྱེར་བཀག་སྡོམ”བྱས་པ་རེད། རིམས་ནད་ལ་སྔར་བས་ཁ་གཏད་གཅོག་ཆེད་ལྷོ་ཨ་ཧྥེ་རི་ཁ་སྲིད་གཞུང་གིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་སྤོ་བདེའི་བརྟག་དཔྱད་ཚད་ལེན་ས་ཚིགས་མང་པོ་བཙུགས་ཏེ། བརྟག་དཔྱད་ཚད་ལེན་བྱེད་ཤུགས་ཆེ་རུ་བཏང་བ་རེད། ཟླ་4ཚེས་20ཉིན་བར་ལྷོ་ཨ་ཧྥེ་རི་ཁར་རིམ་རྩིས་བྱས་ན་གཏན་འཁེལ་བྱུང་བའི་ནད་དཔེ་3300དང་གྲོངས་པའི་ནད་དཔེ་58ཡོད་པ་རེད།