༄༅།།ཐབས་མཁས་ཀྱིས་ཙོང་བཀོལ་ནས་ལུག་ནད་གསོ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་ཁང་། སྤེལ་དུས། 04-28


        གཅིག ཆམ་ནད། སྒོ་ཕྱུགས་ལ་ཆམ་ནད་ཕོག་ཚེ། དུས་ཐོག་ཏུ་ཙོང་རྐང8གཙབས་པ་དང་ལྒ་སྐྱ་ཁེ20གཉིས་ཆུ་ནང་དུ་གདུས་ནས་ན་ཕྱུགས་ལ་ལྡུད་ཐེངས་གཅིག་བྱེད་པ་དང་། དེ་ཡང་དེ་ལྟར་ཉིན་རེར་ཐེངས་རེ་དང་བསྟུད་མར་ཉིན2ནས3ཙམ་ལ་ལྡུད་དགོས།
        གཉིས། ཕག་མའི་སྦྲུམ་འགུལ་ནས་བདེ་ལ་མི་འབབ་པ།  ཙོང་ཁེ300ཞིབ་མོར་གཙབས་ནས་ཆུ་ནང་དུ་གདུས་རྗེས་ཕག་མར་ལྡུད་ཐེངས་གཅིག་བྱ་དགོས།
        གསུམ། སྒོ་ཕྱུགས་ཀྱི་རྒྱུ་མ་འཁུམས་པའི་ནད།  ཙོང་རྐང10དང་ཚྭ་བརྔོས་མ་ཁེ20། ཆང་དཀར་ཧོ་ཧྲིན80བཅས་མཉམ་དུ་གདུས་ནས་ན་ཕྱུགས་ལ་ལྡུད་ཐེངས་གཅིག་བྱས་ན། དུས་ཐོག་ཏུ་ནུས་པ་ཆེན་པོ་ཐོན་ཐུབ།
        བཞི། སྒོ་ཕྱུགས་ཀྱི་རྨིག་པ་རུལ་བའི་ནད། ཐོག་མར་ཙོང་རྐང10ཞིབ་མོར་གཙབས་ནས་ནང་ལ་ཀ་ར་དཀར་བོ་ཉུང་ཙམ་བསྲེས་ཏེ་ཅུང་ཙམ་ངར་དུ་འཇུག་པ་དང་། དེའི་འཕྲོར་སྒོ་ཕྱུགས་ཀྱི་རྨིག་པ་རུལ་སར་གླན་ནས་སེང་རས་གཙང་མ་ཞིག་གིས་ལེགས་པོར་བསྡམ་དགོས། དེ་ལྟར་ཉིན་རེར་ཐེངས2དང་བསྟུད་མར་ཉིན6ནས8ཙམ་ལ་རྒྱུན་འཁྱོངས་བྱས་ན། གསོ་བཅོས་ཀྱི་ནུས་པ་ཆེན་པོ་ཐོན་ཐུབ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1