༄༅།།གནག་ཕྱུགས་ཀྱི་སྟིག་འབུ་འགོག་བཅོས་ཀྱི་ལག་རྩལ་གསར་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་ཁང་། སྤེལ་དུས། 04-28


        གནག་ཕྱུགས་ཀྱི་སྟིག་འབུ་འགོག་བཅོས་ཀྱི་ལག་རྩལ་གསར་པ།
        སྟིག་འབུ་ཡི་ནད་རྟགས་གཙོ་བོ་ནི་ནད་ཕྱུགས་ཀྱི་ཁྲག་ཉམས་པ་དང་ལུས་པོ་རིད་པ། ཤེད་ཤུགས་ལྷུང་བ། བེའུ་འཚར་ལོངས་བྱུང་བ་མི་ལེགས་པ་བཅས་ཡིན་པས། གནག་ཕྱུགས་ཀྱི་འཕར་ཁ་དང་ཚེ་ཚད་ལ་གནོད་པར་མ་ཟད། མིའི་རིགས་ཀྱི་བདེ་ཐང་ལའང་གནོད་པ་ཐེབས་སྲིད།
        གནག་ཕྱུགས་ཀྱི་སྟིག་འབུ་འགོག་བཅོས་བྱེད་ཐབས།
གཅིག གནག་ཕྱུགས་ཀྱི་ལུས་ཐོག་འབུ་ཕྲུག་མེད་པར་གཏོང་བ། སྨན་ཆུ་གར་ཚད0.01%ཅན་གྱི་ཏིས་པེ་ཁྲུང(敌百虫)དང་། ཡུན་དུའུ་ལིན།(蝇毒灵) ཡང་ན་ཞིའུ་ཆིང་ཅིས་ཀྲི(溴氰菊酯)བཅས་གནག་ཕྱུགས་ཀྱི་ལུས་ཐོག་ལ་གཏོར་བ་དང་། ཉིན་བཅུའི་ནང་ལ་ཐེངས་གཅིག་རེ་གཏོར་ན། ཤ་འབུའི་སྐྱེ་འཕེལ་ནུས་ཤུགས་མེད་པར་གཏོང་བ་དང་། ཤ་འབུ་ཆུང་ངུའི་རིགས་གསོད་ཐུབ།
གཉིས། གནག་ཕྱུགས་ཀྱི་ཁོག་གི་འབུ་ཕྲུག་མེད་པར་གཏོང་བ། འདི་ལ་ལུས་ཕྱིར་སྨན་བཀོལ་བ་དང་སྨན་ཁབ་རྒྱག་པའི་ཐབས་ལམ་གཉིས་ཡོད། 
        ལུས་ཕྱིར་སྨན་བཀོལ་བ་ལ། གནག་ཕྱུགས་རེ་ལ1%གི་མུ་སི་དང་ལིན་འདྲིས་མའི་གཤེར་ཁུ་ཧའོ་ཧྲིན170ཅན་གྱི་སྨན་ཆུ་གཏོར་བ་དང་། ཟླ11ནས་12བར་སྨན་བཀོལ་ན་ཕན་ནུས་ཤིན་ཏུ་ཆེ། དུས་རིམ་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱིས་ཤ་འབུ་ཆུང་ངུའི་རིགས་གསོད་ནུས། ཡང་ན་གནག་ཕྱུགས་ཀྱི་ལྗིད་གྲངས་ལྟར། 8%ཅན་གྱི་སྐྱི་པགས་ལིན་གཤེར་ཁུ་ཧའོ་ཧྲིན0.33རེ་བཀོལ་ནས་གནག་ཕྱུགས་ཀྱི་སྐེ་དང་རྒྱབ་ཀྱི་སྐྱི་པགས་སུ་བྱུགས་དགོས།
        སྨན་ཁབ་རྒྱག་པ་ལ། ཤ་འབུའི་ནད་ཡོད་པའི་གནག་ཕྱུགས་ལ་ལྗིད་གྲངས་ལྟར་སྤྱི་རྒྱ་རེ་ལ་འབུ་བརྒྱ་སྨན་གཅིག(百虫伊针灵)ཧའོ་ཧྲིན་0.02བྱས་ཏེ་སྐྱི་པགས་འོག་ཏུ་རྒྱག་དགོས་ལ། ཐེངས་གཅིག་བརྒྱབ་ཀྱང་ཆོག ཡང་ལུས་ཀྱི་ལྗིད་གྲངས་ལ་གཞིགས་ཏེ་སྤྱི་རྒྱ་རེ་ལ་མུ་སི་དང་ལིན་འདྲིས་མའི་གཤེར་ཁུ་ཧའོ་ཧྲིན5རེ་བྱས་ཏེ་བརྒྱབ་ཆོག་ལ། ཟླ11པའི་སྐབས་སུ་འཕོང་མགོའི་ཤ་གནད་ཐོག་ཏུ་བརྒྱབ་ན་ནད་འགོག་ཕན་པ་ཆེ།
གསུམ། ཕྱུགས་ཁང་ནང་གི་གནོད་འབུ་རིགས་མེད་པར་གཏོང་དགོས། དབྱར་དུས་སུ་ཕྱུགས་ཁང་སོགས་སུ་ཤ་འབུ་སྐྱེད་སླ་བས། དུས་ཐོག་ཏུ་འབུ་རིགས་གསོད་པའི་སྨན་རྒྱག་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1