ཞི་ཅིན་ཕིང་གིས་ཧྲན་ཞི་རུ་རྟོག་ཞིབ་གནང་།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-29


  སྤྱི་ཟླ་4པའི་ཚེས་20ཉིན་ནས་ཚེས་23ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཅིན་ཕིང་གིས་ཧྲན་ཞི་ཞིང་ཨུའི་ཧྲུའུ་ཅི་ཧུའུ་ཧའོ་ཕིང་དང་ཞིང་དཔོན་ལིའུ་ཀུའོ་ཀྲུང་གི་ཕེབས་རོགས་འོག །སྔ་གཞུག་ཏུ་ཧྲང་ལོ་དང་ཨན་ཁང་། ཞི་ཨན་སོགས་སུ་ཕེབས་ཏེ། རང་བྱུང་སྲུང་སྐྱོབ་ཁུལ་དང་དབུལ་ཕོངས་རི་ཁུལ། སྡོད་ཁུལ་དང་སློབ་གྲྭ། ཁེ་ལས་སོགས་སུ་ཟབ་འཇུག་གནང་སྟེ། ཆིན་ལིན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དབུལ་གྲོལ་འགག་སྒྲོལ། ལས་ཀ་དང་ཐོན་སྐྱེད་སླར་གསོ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་བ་དང་། གློ་ཚད་རིམས་ནད་འགོག་བཅོས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་གཅིག་འདོམས་སྐུལ་འདེད་གཏང་རྒྱུ་དང་། དབུལ་གྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ཐད་ནས་རྟོག་ཞིབ་གནང་བར་མ་ཟད། ལས་བྱེད་མང་ཚོགས་ལ་འཚམས་འདྲི་གནང་བ་རེད། ། 

སྤྱི་ཟླ་4པའི་ཚེས་20ཉིན་ནས་ཚེས་23ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲན་ཞི་རུ་རྟོག་ཞིབ་གནང་། འདི་ནི་ཞི་ཅིན་ཕིང་གིས་ཧྲན་ཞི་ཏཱ་ཐང་རྐང་བགྲོད་ཁྲོམ་ལམ་དུ་རྟོག་ཞིབ་གནང་སྐབས་ཡུལ་སྐོར་བ་རྣམས་ལ་ཕྱག་བརྡ་གཏོང་བཞིན་པའི་ཚུལ་རེད

སྤྱི་ཟླ་4པའི་ཚེས་20ཉིན་ནས་ཚེས་23ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲན་ཞི་རུ་རྟོག་ཞིབ་གནང་། འདི་ནི་ཞི་ཅིན་ཕིང་གིས་ཧྲན་ཞི་རླངས་འཁོར་རྐང་འཛིན་ཚོགས་པའི་ཚད་ཡོད་སྤྱི་གཉེར་ཁང་སྤྱི་སྒྲིག་འཁོར་ཁང་དུ་ཐོན་སྐྱེད་སྒྲུབ་རིམ་ལ་གཟིགས་ཞིབ་གནང་སྟེ། ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་། ཐོན་སྐྱེད། ཕྱིར་ཚོང་དང་། ལས་ཀ་དང་ཐོན་སྐྱེད་སླར་གསོའི་གནས་ཚུལ་ལ་རྒྱུས་ལོན་གནང་བཞིན་པ

སྤྱི་ཟླ་4པའི་ཚེས་20ཉིན་ནས་ཚེས་23ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲན་ཞི་རུ་རྟོག་ཞིབ་གནང་། འདི་ནི་ཞི་ཅིན་ཕིང་གིས་ཧྲང་ལའོ་གྲོང་ཁྱེར་ཀྲ་ཧྲེ་རྫོང་ཞའོ་ལིང་གྲོང་རྡལ་ཅིན་མི་ཡུལ་ཚོའི་གསོ་སྦྱོང་ལྟེ་གནས་སུ་ཡུལ་ཚོའི་མོག་རོ་ཐོན་ལས་གནས་ཚུལ་ལ་རྒྱུས་ལོན་གནང་བཞིན་པ།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1