ཀྲུང་དབྱང་གིས་ཏོག་གསར་གློ་ཚད་རིམས་ནད་ལས་དོན་གྱི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ལས། གཞི་རྒྱ་ཆེན་པོས་ཉིང་སྐྱུར་དང་འགོག་གཟུགས་ཞིབ་དཔྱད་ཚད་ལེན་བྱ་དགོས་པ་བསྟན།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-29


  སྤྱི་ཟླ་4པའི་ཚེས་22ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཀྲུང་དབྱང་གི་ཏོག་གསར་གློ་ཚད་རིམས་ནད་ལས་དོན་གྱི་འཕྲལ་བསྟུན་འགོ་ཁྲིད་ཚོ་ཆུང་གི་ཚོ་དཔོན་ལི་ཁེ་ཆང་གིས་གྲོས་ཚོགས་འཚོགས།
  གྲོས་ཚོགས་ཐོག །སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་མོ་བྱ་དགོས་པ་དང་། ཀྲུང་དབྱང་གི་ཏོག་གསར་གློ་ཚད་རིམས་ནད་ལས་དོན་གྱི་འཕྲལ་བསྟུན་འགོ་ཁྲིད་ཚན་ཆུང་གི་བཀོད་སྒྲིག་ལྟར། མངའ་ཁོངས་ཕྱི་ནང་གི་རིམས་ནད་གནས་ཚུལ་གསར་པ་དང་གནད་དོན་གསར་པར་གཞིགས་ནས། གཙོ་གནད་མངོན་གསལ་དོད་པོས་གནད་སྨིན་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ། ལྷུ་ཚིགས་ཞན་ས་འཚོལ་ཞིབ་ནན་ཏན་དང་སྲ་བརྟན་དུ་བཏང་ནས་རིམས་ནད་བསྐྱར་ལོག་ལ་སྔོན་འགོག་  མཐའ་གཅིག་ཏུ་བྱེད་པ། རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་ཁྲོད་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་བསྐྱར་ཞུགས། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་སླར་གསོ་ཡོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས་པ་བསྟན།
  གྲོས་ཚོགས་ཐོག །མིག་སྔར་རྒྱལ་ནང་གི་ས་གནས་ཁ་ཤས་སུ་འདུ་འཛོམས་རང་བཞིན་གྱི་རིམས་ནད་སླར་ཡང་བྱུང་བ་དང་། ས་གནས་ཁ་ཤས་སུ་སྨན་ཁང་ནས་འགོས་པའི་གནས་ཚུལ་བྱུང་བཞིན་འདུག འབྲེལ་ཡོད་སྡེ་ཁག་གིས་བསྟུད་མར་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་མཁན་གྱི་ཆེད་མཁས་པ་དང་སྨན་བཅོས་ཆེད་མཁས་པའི་ལས་དོན་ཚོ་ཆུང་བཙུགས་ཏེ། འབྲེལ་ཡོད་ས་གནས་ལ་དུས་ཚོད་དམ་འཛིན་གྱིས་འདུ་འཛོམས་རང་བཞིན་གྱི་རིམས་ནད་བྱུང་ཚུལ་དང་སྨན་ཁང་ནས་འགོས་པའི་རྒྱུ་རྐྱེན་ཞིབ་བཤེར་མཐར་ཕྱིན་བྱ་དགོས་པར་མ་ཟད་བརྡ་ཁྱབ་ཡོངས་བསྒྲགས་བྱ་དགོས་པ་དང་། གཏན་འཁེལ་ནད་གཞི་དང་དོགས་ཡོད་ནད་གཞི། ནད་རྟགས་མེད་པའི་ནད་པ། འབྲེལ་འདྲིས་ཟབ་པའི་མི་སོགས་ཀྱི་བྱ་སྤྱོད་ཀྱི་རྗེས་ཤུལ་ཕྱོགས་ཡོངས་ནས་རྩད་ཆོད་མཐའ་གསལ་བྱ་དགོས། མགྱོགས་མྱུར་ངང་ཁྱབ་སྤེལ་ཐབས་ལམ་བཀག་འགོག་དང་། མགྱོགས་མྱུར་ངང་སྔོན་འགོག་ཚོད་འཛིན་གྱི་ཞན་ཆ་གསབ་དགོས་པ། ལྷག་པར་དུ་སྨན་ཁང་ནས་འགོས་པའི་ཉེན་ཁ་ནན་འགོག་བྱ་དགོས། བློ་ཐག་རྦས་གཅོད་ཀྱིས་“སྔ་བཞི་”ཡི་བྱེད་ཐབས་ལག་བསྟར་ཡག་པོ་བྱ་དགོས་པ་དང་། དངོས་དོན་བདེན་འཚོལ་དང་ཕྱི་གསལ་ནང་གསལ་གྱིས་ཆ་འཕྲིན་ཡོངས་བསྒྲགས་བྱ་དགོས། སྙན་གསེང་སྦས་གསང་བྱེད་མི་ཆོག་པ་དང་ས་གནས་ཀྱི་འགན་འཁྲི་ནན་དུ་བཏང་ནས་ཁྲིམས་ལྟར་ཐག་གཅོད་བྱ་དགོས། ས་གནས་ཁག་གིས་བསླབ་བྱར་ལེན་དགོས་པ་དང་འདུ་འཛོམས་རང་བཞིན་གྱི་རིམས་ནད་དང་ལྷག་པར་དུ་སྨན་ཁང་ནས་འགོས་པར་སྔོན་འགོག་བྱེད་པར་ཚད་མཐོའི་མཐོང་ཆེན་བྱ་དགོས་པ་བསྟན། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1