ཟླ་བཞི་པའི་མི་ཉག་ཡུལ་དུ་སོ་ནམ་གྱི་ལས་ལ་བྲེལ་བཞིན་འདུག

ནོར་བུ་དབང་ཆེན་གྱིས་པར་མཁོ་འདོན་བྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-29


བུད་མེད་རྣམས་ཀྱིས་བོད་ཆས་སྤྲས་ཏེ་ཞིང་ནང་དུ་སླེབས་པ་ན། བསང་སྐོར་ཞིག་བྱས་རྗེས་ས་བོན་འདེབས་འགོ་ཚུགས།

ཉེ་ཆར། རྒྱལ་ཡོངས་ཀྱི་རིམས་ནད་གནས་ཚུལ་ཞི་ལྷོད་དུ་འགྲོ་བཞིན་པ་དང་། ལས་ལ་བརྩོན་པའི་ཞིང་པ་རྣམས་ཀྱིས་ཀྱང་བློ་བདེ་པོའི་ངང་སོ་ནམ་ལས་ཀའི་འགོ་རྩོམ་བཞིན་འདུག །རིམས་འགོག་ལས་དོན་ངེས་པར་དུ་སྔོན་ལ་བསྒྲུབ་དགོས་མོད། འོན་ཀྱང་ཞིང་ལས་དུས་ཚོད་ཀྱང་འགོར་འགྱངས་བྱས་མེད།

ཟླ་བ་བཞི་པའི་ཁྲོན་བོད་མཐོ་སྒང་དུ། ཞིང་ཁ་རུ་མེ་ཏོག་བཞད་འདུག དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་ས་བདེ་གྲོང་རྡལ་ཝ་ཡོད་ཡུལ་ཚོའི་ཡུལ་མི་རྣམས་ཀྱིས་ལོ་རེའི་དཔྱིད་འདེབས་དུས་ཚིགས་བསུས་ཏེ་ནས་དང་གྲོ །ཞོག་ཁོག་སོགས་ཀྱི་ས་བོན་འདེབས་ཏེ་ཕྱོགས་འདིར་ལོ་ལེགས་ཀྱི་འབྲུ་རིགས་ཀྱི་བང་མཛོད་སྐོང་བར་སྟ་གོན་བྱེད་བཞིན་མཆིས། །

 བུད་མེེད་ཚོས་ས་བོན་འདེབས་ཚར་རྗེས། སྐྱེས་པ་ཚོས་འདྲུད་འཐེན་འཁོར་ལོ་བསྐོར་ནས་ཞིང་ཁ་བཏབ།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1