ཡུལ་ཤུལ་གྱིས“4·14”ས་འགུལ་བྱུང་ནས་ལོ་བཅུ་འཁོར་བར་དྲན་གསོ་ཞུས་།

ཚུལ་ཁྲིམས་བཟང་པོས་སྒྲིག་བསྒྱུར་བྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-29


2010ལོའི་ཟླ་4པའི་ཚེས་14ཉིན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་རིམ་པ་7.1ཅན་གྱི་ས་འགུལ་བྱུང་ནས་མི་ལ་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུད་ཆེན་པོ་བཟོས་ཡོད། ས་ཡོམ་བྱུང་རྗེས་ཡུལ་ཤུལ་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་། མཚོ་སྔོན་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་སྲ་བརྟན་འགོ་ཁྲིད། རྒྱལ་ཡོངས་མི་དམངས་ཀྱིས་རོགས་སྐྱོར་དང་རོགས་སྐྲུན་ཚན་པའི་དཀའ་སྤྱད་འབད་བརྩོན་འོག །མིའི་རིགས་ཀྱི་ལོ་རྒྱུས་ཐོག་ས་མཐོའི་གྲང་ངར་ཆེ་བའི་ཁུལ་དུ་སྤེལ་བའི་གཞི་ཁྱོན་ཆེ་ཤོས་དང་ཕན་འབྲས་མངོན་གསལ་དོད་ཤོས་ཀྱི་གེགས་སེལ་བྱ་སྤྱོད་དང་བསྐྱར་སྐྲུན་ལས་གྲྭ་ལག་བསྟར་བྱས་ནས་བཀོད་པ་ལུགས་མཐུན་དང་། ནུས་པ་ཆ་ཚང་། སྒྲིག་བཀོད་འཐུས་ཚང་། ཁྱད་ཆོས་མངོན་གསལ། ཁོར་ཡུག་མཛེས་པ་བཅས་ཀྱི་ས་མཐོའི་སྣོད་བཅུད་རྣམ་པའི་ཚོང་དོན་ཡུལ་སྐོར་གྲོང་ཁྱེར་ཞིག་བསྐྲུན་ཡོད་པ་རེད།

ལོ་ངོ་10ཡི་རིང་། ཡུལ་ཤུལ་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་བཞི་འབུམ་ཆིག་ཁྲི་ལྷག་གིས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པ་བཅས་བྱས་ནས། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་མི་དམངས་བཅས་ཀྱི་དྲིན་འཇལ་ཆེད་དང་། ཡུལ་ཤུལ་གྱི་ད་ལྟ་དང་མ་འོངས་པའི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ཆེད། སྣོད་བཅུད་སྲུང་སྐྱོབ་དང་། དབུལ་གྲོལ་འགག་སྒྲོལ། བརྟན་བརླིང་སྲུང་སྐྱོབ། ཐོན་ལས་བརྗེ་བསྒྱུར། ཏང་འཛུགས་སྐྱོང་སོགས་ཕྱོགས་གང་ཅིའི་ཐད་ལ་འབད་འབུངས་བྱས་པས་ད་ལྟ་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་བཟང་པོ་ཐོབ་ཡོད་པ་རེད།

དཔྱིད་ཀྱི་དཔལ་ཡོན་རྣམ་པར་བཞད་པའི་ཡུལ་ཤུལ་དུ། གསར་དུ་བསྐྲུན་པའི་བོད་བཟོའི་ཁང་གསར་གྲལ་འགྲིག་ལ། བསྐྱར་དུ་བསྐྲུན་པའི་སློབ་གྲྭ་གསར་པ་རེ་རེ་ནས་དཔེ་ཀློག་གི་དབྱངས་རྟ་ལྷང་ལྷང་གྲགས་པ། གསར་དུ་བསྐྲུན་པའི་གཞུང་ལམ་རེ་རེ་སྔོ་ཞིང་དྭངས་བའི་རི་ཆུའི་བར་སྟོང་བརྒྱུད་ནས་གཡུ་འབྲུག་ལྟར་འཁྱིལ་ཡོད། ད་ལྟའི་ཡུལ་ཤུལ་དུ། རང་བྱུང་དང་འཚོ་བ་གཞི་གཅིག་ཏུ་འདྲེས་ཤིང་། རིག་གནས་དང་རོལ་རྩེད་མཉམ་དུ་འདྲེས་པ། དྲིན་ཚོར་དང་བརྩེ་སེམས་མཉམ་དུ་འདུས་ཡོད།

སྤྱི་ཟླ་4པའི་ཚེས་14ཉིན་གྱི་སྔ་དྲོར། ཡུལ་ཤུལ་ལ་ས་ཡོམ་བྱུང་ནས་ལོ་ངོ་བཅུ་འཁོར་བའི་རྗེས་དྲན་ཚོགས་ཆེན་དེ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་འཚོགས། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1