༄༅།།5Gཡི་ང་ཚོའི་འབྱུང་འགྱུར་གྱི་འཚོ་བར་ཁ་ལོ་བསྒྱུར་ཐུབ་བམ།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-28



རྣམ་དཀར་ལྷ་མོས་བསྒྱུར།

        ཉེ་བའི་ལོ་འགའི་རིང་། སྤོ་སྒུལ་འཕྲིན་སྐྱེལ་མ་ལག་རབས་ལྔ་པ་5Gདེ་འཕྲིན་སྐྱེལ་མ་ལག་ལས་རིགས་དང་རིག་གཞུང་ཞིབ་འཇུག་ཁག་གིས་གླེང་གཞི་ཚ་ཤོས་སུ་གྱུར་ཡོད་ལ། 5Gཡི་འཕེལ་རྒྱས་ལ་མཚོན་ན་སྒུལ་ཤུགས་གཉིས་ཡོད་པར་སྣང་སྟེ། ཕྱོགས་གཅིག་ནས་དུས་ཡུན་རིང་པོའི་ཁྲོད་རིམ་འཕེལ་ལག་རྩལ་གྱིས་ཚབ་མཚོན་བྱས་པའི་སྤོ་སྒུལ་འཕྲིན་སྐྱེལ་མ་ལག་རབས་བཞི་པ་4Gཕྱོགས་ཡོངས་ནས་ཚོང་ལས་ཅན་དུ་བཀོལ་སྤྱོད་བྱས་ཡོད་པས། རབས་རྗེས་མའི་ལག་རྩལ་སྐོར་གྱི་དཔྱད་བསྡུར་དེ་ཁ་ཚ་དགོས་གཏུགས་སུ་གྱུར་ཡོད་ལ། ཕྱོགས་གཞན་ཞིག་ནས་ད་ལྟའི་སྤོ་སྒུལ་གྲངས་གཞིའི་དགོས་མཁོ་དེ་ཉིན་རེ་ནས་ཉིན་རེ་བཞིན་ཇེ་ཆེར་འགྲོ་བ་དང་བསྟུན་ནས། ད་ལྟའི་སྤོ་སྒུལ་འཕྲིན་སྐྱེལ་མ་ལག་གིས་མ་འོངས་པའི་དགོས་མཁོ་བསྐོང་མི་ཐུབ་པས། རབས་གསར་པའི་5Gམ་ལག་ཞིབ་དཔྱད་བྱ་རྒྱུ་དེ་ལོ་རྒྱུས་རང་བཞིན་གྱི་དགོས་མཁོ་ཞིག་ཏུ་ཆགས་འདུག

        སྤོ་སྒུལ་སྦྲེལ་དྲའི་འཕེལ་རྒྱས་དང་བསྟུན་ནས། སྒྲིག་ཆས་དེ་ལས་མང་བ་ཞིག་སྤོ་སྒུལ་དྲ་བའི་ཁྲོད་དུ་སྦྲེལ་ཡོད་ལ། གསར་དུ་ཐོན་པའི་ཞབས་ཞུའི་རིགས་དང་བཀོལ་སྤྱོད་མ་ལག་ཇེ་མང་ནས་ཇེ་མང་འགྲོ་བཞིན་འདུག 2018ལོར་གོ་ལ་ཧྲིལ་པོའི་སྤོ་སྒུལ་དྲ་ཡངས་བཀོལ་མཁན་གྱི་འཛད་སྤྱོད་མི་གྲངས་དུང་ཕྱུར་90ལ་ཉེ་བ་དང་། སྤོ་སྒུལ་གྲངས་གཞིའི་བཞུར་ཚད་འཕར་བ་དང་བསྟུན་ནས་དྲ་རྒྱའི་ཤོང་ཚད་ལ་འགྲན་རྩོད་དྲག་པོ་སླང་འདུག །གལ་ཏེ་མིག་སྔའི་འཕྲིན་སྐྱེལ་དྲ་རྒྱའི་འཕེལ་རྒྱས་ལྟར་ན། ཤོང་ཚད་ཀྱིས་བཞུར་ཚད་ལྡབ་སྟོང་གི་འཕར་ཚད་ཤོང་མི་ཐུབ་པས། དྲ་རྒྱའི་ཤོང་ཚད་གོང་མཐོར་བཏང་ནས་ངེས་པར་དུ་རིག་ལྡན་ནུས་ཡོད་སྒོས་དྲ་རྒྱའི་ཐོན་ཁུངས་བཀོལ་སྤྱོད་བྱེད་དགོས།
        སྤོ་སྒུལ་འཕྲིན་སྐྱེལ་རབས་སྔོན་མ་2Gདང་3G 4Gདང་འདྲ་བར། 5Gདྲ་རྒྱ་ཡང་གྲངས་འཛིན་གོར་མིག་ཅན་གྱི་དྲ་རྒྱ་ཡིན་ལ། འདི་ལྟ་བུའི་དྲ་རྒྱའི་ཁྲོད། འདོན་སྤྲོད་ཚོང་པས་ཁེབས་པའི་ཞབས་ཞུའི་ཁུལ་དེ་གོར་མིག་ཅན་གྱི་མངའ་ཁུལ་ཆུང་ཆུང་དུ་བགོས་ཡོད་ལ། སྒྲ་དང་པར་རིས་ཀྱི་ལད་ཟློས་བརྡ་རྟགས་དེ་ཁ་པར་ཁྲོད་ནས་གྲངས་འཛིན་ཅན་དུ་བསྒྱུར་ཡོད་ལ། ལད་ཟློས་བརྡ་རྟགས་དང་གྲངས་འཛིན་བརྗེ་བསྒྱུར་ཆས་ཀྱིས་བསྒྱུར་ནས་པེ་ཐུ་བཞུར་ཚད་ལྟར་བརྒྱུད་གཏོང་བྱེད་བཞིན་ཡོད། གོར་མིག་ཅན་གྱི་5Gསྐུད་མེད་སྒྲིག་ཆས་དེ་སྐུད་མེད་གློག་རླབས་དང་གོར་མིག་ཅན་གྱི་ས་གནས་དེ་གའི་གནམ་སྐུད་གྲམ་དང་ནུས་ཚད་དམའ་བའི་རང་འགུལ་གཏོང་ལེན་སྒྲིག་ཆས་བརྒྱུད་ནས་འཕྲིན་སྐྱེལ་མངོན་འགྱུར་བྱུང་བཞིན་ཡོད། 

        5Gདྲ་རྒྱའི་ལེགས་ཆ་གཙོ་བོ་དེ་གྲངས་གཞི་བརྒྱུད་གཏོང་གི་མྱུར་ཚད་དེ་དྲ་རྒྱ་སྔོན་མ་དག་ལས་ལྡབ་འགྱུར་གྱི་མགྱོགས་ལ། ཆེས་མགྱོགས་ན་མྱུར་ཚད་10Gbit/sལ་སླེབས་ཐུབ་ཅིང་། སྔོན་གྱི་སྐུད་ལྡན་སྦྲེལ་དྲ་ལས་མགྱོགས་པར་མ་ཟད། 4Gདྲ་བ་ལས་ལྡབ་100ཡིས་མགྱོགས། དེ་མིན་དེའི་ལེགས་ཆ་གཞན་ཞིག་དེ་གང་རེད་ཅེ་ན། དྲ་རྒྱའི་ཕྱིར་འགྱངས་ཇེ་དམའ་རུ་བཏང་ཡོད་ལ། དེ་ཧའོ་སྐར་ཆ་གཅིག་ལ་དམའ་བ་མངོན་འགྱུར་བྱུང་འདུག་ལ། ད་ལྟ་སྤྱོད་བཞིན་པའི་4Gལྟ་བུར་མཚོན་ན་ཕྱིར་འགྱངས་ཕལ་ཆེར་ཧའོ་སྐར་ཆ30-70བར་ཡིན་ལ། གྲངས་གཞི་བརྒྱུད་གཏོང་མགྱོགས་པས་5Gདྲ་རྒྱས་ཁ་པར་དུ་སྤྱོད་པར་མ་ཟད། སྤྱིར་བཏང་གི་ཁྱིམ་དང་གཞུང་ལས་ཁང་གི་བཀོལ་སྤྱོད་དྲ་རྒྱར་གྱུར་ནས་སྐུད་ཡོད་དྲ་རྒྱའི་མཁོ་འདོན་མཁན་དང་འགྲན་རྩོད་བྱ་རྒྱུ་རེད། སྔོན་ཆད་གོར་མིག་ཅན་གྱི་དྲ་རྒྱ་དེ་ཁ་པར་དང་གྲངས་གཞི་དམའ་བའི་སྦྲེལ་དྲའི་ཕྱོགས་སུ་བཀོལ་བཞིན་ཡོད། ཡིན་ཡང་ཁ་པར་གྱི་བརྡ་རྟགས་གློག་སྡོང་གིས་ཡངས་དྲ་འདང་ངེས་མགོ་སྤྲོད་བྱེད་མི་ཐུབ་པས་ད་ལྟའི་བར་དུ་ལུས་འདུག

        5Gདེ་དྲ་རྒྱ་རིགས་མང་ཅན་དང་ཡངས་ལམ་ཅན། ཀུན་འདུས་ཅན། རིག་ལྡན་ཅན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བཞིན་ཡོད་ལ། མ་འོངས་པར་སྐུད་མེད་དྲ་རྒྱའི་འབུར་ཚིགས་ལྡབ་10ཇེ་མང་དུ་གཏོང་རྒྱུ་ཡིན་ལ། ཚིགས་བར་གྱི་བར་ཐག་སྨི་10ཡི་ནང་དུ་བསྡུ་རྒྱུ་ཡིན་ལ། 5Gདྲ་རྒྱའི་བཀོལ་སྤྱོད་ཁྱབ་ཁོངས་དེ་རྒྱ་ཆེ་ཅན་དང་སྣ་མང་ཅན་དུ་གྱུར་ཡོད་ལ། དེ་མིན་རླངས་འཁོར་དྲ་སྦྲེལ་དང་རང་འགུལ་འཁོར་གཏོང་གི་ཕྱོགས་ལ་ཞིབ་འཇུག་གནང་བཞིན་ཡོད་ལ། དྲ་སྦྲེལ་རླངས་འཁོར་ལག་རྩལ་དེ་སྐུད་ཡོད་འཕྲིན་སྐྱེལ་གྱི་ལམ་འགྲམ་སྟོན་བརྡ་དང་2Gདང་3G 4Gསོགས་དྲ་རྒྱའི་ཆ་འཕྲིན་བསྡུ་བའི་གནས་སྐབས་སུ་གནས་ཡོད་དེ། མགྱོགས་མྱུར་གྱི་སྤོ་སྒུལ་འཕྲིན་སྐྱེལ་ལག་རྩལ་ལ་བརྟེན་ནས། རང་འགུལ་འཁོར་གཏོང་གི་དུས་རབས་ལ་ཁ་ཕྱོགས་བཞིན་ཡོད་པར། ཀྲུང་གོ་དང་ཨ་རི། འཇར་པན་སོགས་ཀྱི་རླངས་འཁོར་འཕེལ་རྒྱས་ཀྱི་འཆར་བཀོད་ལྟར་ན། མགྱོགས་མྱུར་གྱི་བརྒྱུད་གཏོང་དང་ཕྱིར་འགྱངས་དམའ་བའི་5Gདྲ་རྒྱར་བརྟེན་ནས། 2025ལོའི་བར་དུ་ཕྱོགས་ཡོངས་ནས་རང་འགུལ་འཁོར་གཏོང་རིམ་པ་བཞིན་ཐོན་སྐྱེད་བྱ་རྒྱུ་ཡིན་དེ། དེའི་ཚོང་རའི་སྒྲིག་གཞི་ཨ་སྒོར་དུང་ཕྱུར་ཁྲི་གཅིག་ལ་སླེབས་རྒྱུ་རེད།

        2019ལོའི་སྤྱི་ཟླ་1པའི་ཚེས་19ཉིན། ཀྲུང་གོའི་ཕྱི་བཅོས་སྨན་པ་ཞིག་གིས་5Gལག་རྩལ་བཀོལ་ནས་གོ་ལ་ཧྲིལ་པོའི་ཆེས་ཐོག་མའི་རྒྱང་འཛིན་ཕྱི་བཅོས་གཤག་བཅོས་བྱས་ཡོད་ལ། སྨན་པ་འདིའི་ཧྥུའུ་ཅན་ཞིང་ཆེན་ནས་5Gདྲ་རྒྱ་ལ་བརྟེན་ནས་སྤྱི་ལེ་48ཕ་རོལ་གྱི་མཐའ་འཁོབ་ས་ཁུལ་གྱི་ལྷུ་ལག་ལ་བརྟེན་ནས་གཤག་བཅོས་བྱས་པ་ཡིན་ལ། གཤག་བཅོས་བྱེད་པའི་སྐབས་སུ་ཕྱིར་འགྱངས་སྐར་ཆ་0.1ལས་མེད་པས། ཕྱི་བཅོས་སྨན་པས་5Gདྲ་རྒྱར་བརྟེན་ནས་ཚོད་ལྟའི་སྲོག་ཆགས་ཀྱི་མཆིན་པ་བླངས་པ་རེད། དེ་མིན་5Gལག་རྩལ་བཟང་ཆ་གཞན་པ་ཡིན་ན། ཕབ་ལེན་གྱི་དུས་ཚོད་ཇེ་ཉུང་དུ་གཏོང་བ་མ་ཟད། ཕབ་ལེན་མགྱོགས་ཚད་དེ་སྐར་ཆ་རེ་ལ་ཀྲའོ་20ནས་འཕར་ཏེ་སྐར་ཆ་རེ་ལ་སྟོང་ཀྲའོ་50སླེབས་ཀྱི་ཡོད་ལ། དཔེར་བཞག་ན་སྐར་ཆ་གཅིག་གི་ནང་དུ་དྭངས་གསལ་གློག་བརྙན་10ཕབ་ལེན་བྱས་ཆོག་ལ། 5Gལག་རྩལ་གྱིས་བརྙན་མིག་ཁ་པར་དང་རོལ་རྩེད་སོགས་ཀྱི་ཉམས་ལེན་ཇེ་ལེགས་སུ་གཏོང་ཐུབ། ཡིན་ཡང་འཕྲུལ་མིའི་གཤག་བཅོས་ཀྱིས་ཆེད་ལས་ཕྱི་བཅོས་སྨན་པ་དང་འཛམ་གླིང་གི་དགོས་མཁོ་ཡོད་པའི་མི་དག་ལ་གཤག་བཅོས་ལག་བསྟར་བྱེད་པར་རེ་བ་ཆེན་པོ་གནང་བ་རེད།
        སྔོན་ཆད་སྤོ་སྒུལ་གྲངས་གཞི་བརྒྱུད་གཏོང་གི་ཚད་ཐིག་དེ་ཁྱབ་ཁོངས་འདི་དག་ལ་མཚོན་ན་མྱུར་ཚད་ཀྱིས་མི་འདང་ལ། 5Gདྲ་རྒྱའི་མགྱོགས་ཚད་དང་ཕྱིར་འགྱངས་དམའ་བའི་ཁྱད་ཆོས་འདིའི་རྒྱང་འཛིན་དང་རྒྱང་འཛིན་གཤག་བཅོས་སོགས་ཀྱི་དགོས་མཁོ་བསྐོང་བ་རེད།
        པེ་ཨར་ཚོད་ལྟ་ཁང་གི་སྐུད་མེད་ཞིབ་འཇུག་པུའུ་ཡིས་གཙོ་འཛིན་གཞོན་པ་ཞི་ཨོ་ཏོ་སེར་ཙེ་ཡིས་བཤད་པ་ལྟར་ན། 5Gཡིས་ཕྱོགས་ཡོངས་ནས་4Gདང་WiFiཡི་ཚབ་བྱེད་མི་སྲིད་ལ། 4Gདང་WiFiསོགས་དྲ་རྒྱའི་ཁྱབ་ཁོངས་སུ་བཅུགས་ནས། འཛད་སྤྱོད་པར་ངོ་མཚར་བའི་ཉམས་ལེན་གནང་ཐུབ་ལ། 4Gདང་WiFiདག་སྒྲིག་བྱས་ཏེ་5Gནང་དུ་བཅུག་རྗེས། འཛད་སྤྱོད་པས་རང་ཉིད་ཀྱིས་དྲ་བ་གང་ཞིག་བཀོལ་སྤྱོད་བྱེད་བཞིན་པར་སེམས་ཁུར་བྱེད་མི་དགོས་ལ། རང་ངོས་ནས་སྐུད་མེད་དྲ་བ་གང་བཀོལ་རྒྱུ་སོགས་ལ་གདམ་ཀ་བྱེད་མི་དགོས་པར། མ་ལག་གིས་རང་འགུལ་སྒོས་ཡུལ་དངོས་ཀྱི་དྲ་བའི་རྒྱུ་སྤུས་ལ་གཟས་ནས་གང་ལེགས་དེ་ལེགས་འདེམ་ཐུབ།
        ཡོ་རོབ་མཉའ་འབྲེལ་གྲངས་འཛིན་དཔལ་འབྱོར་དང་སྤྱི་ཚོགས་ཨུ་ཡོན་གོར་ཙེ་ཨོ་ཡེན་ཀོ་ཡིས་བཤད་པ་ལྟར་ན། 5Gནི་མྱུར་ཆ་ལྡན་པ་ཞིག་ཡིན་ལ། དེ་ཡིས་མི་ཚོགས་མང་པོ་འདུས་པའི་དགོས་མཁོ་བསྐོང་ཐུབ་པར་མ་ཟད། མི་འབོར་ཉུང་བ་དང་འགྲིམ་འགྲུལ་ལམ་ཐིག་སོགས་ཁོར་ཡུག་མི་འདྲ་བའི་དགོས་མཁོ་བསྐོང་ཐུབ་ཟེར། ། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1