༄༅།།རྒྱུན་དུ་དཀར་ཟས་རྐྱང་རྐྱང་ཟོས་ན་གནོད་པ་གང་དག་ཡོད་དམ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་ཁང་། སྤེལ་དུས། 05-29
དེང་སང་། མི་རྣམས་ཀྱི་ལུས་པོ་བདེ་ཐང་གི་འདུ་ཤེས་ཇེ་དྲག་ཏུ་ཕྱིན་པ་དང་བསྟུན་ནས། དཀར་ཟས་ཟ་མཁན་ཡང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། ཡིན་ནའང་། གསོ་རིག་མཁས་དབང་རྣམས་ཀྱི་བསམ་འཆར་ལྟར་ན། བཟའ་བཅའི་རིགས་ལ་དོ་སྙོམས་ཡོང་དགོས་ཚུལ་བསྟན་འདུག རྒྱུན་དུ་དཀར་ཟས་རྐྱང་རྐྱང་བཟས་ན་མི་ལུས་ལ་གནོད་སྐྱོན་ཆེན་པོ་འབྱུང་བ་རེད།
དམར་ཟས་བཟའ་རྒྱུ་མང་ན། རྩ་འགག་པའི་ནད་འབྱུང་བ་ཚང་མས་ཤེས་པ་རེད། ཡིན་ནའང་དམར་ཟས་མི་བཟའ་བར་སྔོ་ཚལ་གྱི་རིགས་རྐྱང་རྐྱང་ཟོས་པ་ཡིན་ན། རྒྱུ་མའི་ནང་གི་སྣུམ་རིགས་ཀྱི་འཇམ་རྩི་ཟད་ཅིང་རྩ་འགག་པའི་ནད་འབྱུང་སྲིད།
ཀལ་དང་ལྕགས་སོགས་ཀྱི་རྫས་རྒྱུ་ཕལ་ཆེ་བ་ནི་དམར་ཟས་ནས་ཐོན་པ་ཡིན་ལ། སྲོག་ཆགས་ཀྱི་སྤྲི་དཀར་དང་ཨན་གཞི་སྐྱུར་རིགས་མི་འདྲ་བ་རྣམས་ཀྱང་དམར་ཟས་ནས་ཐོན་པ་ལས་སྔོ་ཚལ་གྱི་རིགས་སུ་ཐོན་རྒྱུ་མེད། རྒྱུན་དུ་དཀར་ཟས་རྐྱང་རྐྱང་ཟོས་ན། ལུས་སྟོབས་དང་གཟི་མདངས་ཉམས་ལ། འཚོ་བཅུད་མི་འདང་བའི་ནད་རིགས་སྣ་ཚོགས་ཀྱང་འབྱུང་།
ལུས་ཟུངས་ཟད་པ་དང་དམར་ཟས་མི་བཟའ་མཁན་རྣམས་ཀྱི་ཟགས་ཐོན་གཤེར་ཁུ་ཆ་མི་སྙོམས་པར་གྱུར་ཏེ་རྒས་སླ་བ་དང་ངོ་གདོང་ལ་ནག་ཐིག་ཆགས་པ། སྐྱི་མོ་སྐམ་ཞིང་ལུས་སྟོབས་ཟད་པའི་ནད་རིགས་མང་པོ་འབྱུང་།
རྒྱུན་དུ་དཀར་ཟས་རྐྱང་རྐྱང་ཟོས་ན། ཕོ་བ་ལའང་ཧ་ཅང་གནོད་ཅིང་། འཚོ་བཅུདAདངEསོགས་ཆད་པར་མ་ཟད། མཁྲིས་པའི་ནང་དུ་མཁྲིས་རྡོ་ཡང་ཆགས་སླ།
ལུས་ཕུང་བདེ་ཐང་འབྱུང་དགོས་ན། དཀར་ཟས་རིགས་གཙོ་བོ་དང་དམར་ཟས་རིགས་ཕལ་བ་བྱེད་དགོས་ལ། ཚན་རིགས་དང་མཐུན་པའི་བཟའ་བཅའ་སྤྱོད་རྒྱུ་ནི་ཧ་ཅང་གལ་ཆེའོ།།