སྤྱི་ཟླ་11པའི་ཚེས་26ཉིན། བོད་ལྗོངས་ལྷ་ས་དང་ལྷོ་ཁ་ས་ཁུལ་ནས་ཐོན་པའི་དམངས་ཁྲོད་ཟློས་གར་སྒྱུ་རྩལ་ཚོགས་པ་ཁག་གི་རྐང་འཛིན་མི་སྣ་50ལྷག་གྲོང་ཁྱེར་ལྷ་སར་མཉམ་འཛོམས་བྱས་ཏེ། ཉིན་10ཡི་རིང་ལ་སྦྱོང་བརྡར་བྱ་རྒྱུ་རེད། གནས་ཚུལ་རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིར་བོད་ལྗོངས་དམངས་ཁྲོད་ཟློས་གར་སྒྱུ་རྩལ་གྱི་རྐང་འཛིན་མི་སྣ་རྣམས་ལ་གསོ་སྦྱོང་བྱས་པ་ཐེངས་དང་པོ་དེ་ཡིན་ལ། གསོ་སྦྱོང་འཛིན་གྲྭ་འདི་ནི་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་སོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་། བོད་རང་སྐྱོང་ལྗོངས་ཀྱི་བོད་ཀྱི་ཟློས་གར་ཚོགས་པས་སྒྲུབ་འགན་འཁུར་བ་རེད། གསོ་སྦྱོང་གི་ནང་དོན་ནི། བོད་ཀྱི་ཟློས་གར་གྱི་ལོ་རྒྱུས་དང་འཁྲབ་གཞུང་དབྱེ་ཞིབ། མི་སྣ་དབྱེ་ཞིབ། དེ་བཞིན་འཁྲབ་གོས་དབྱེ་ཞིབ་བྱེད་པ་དང་ དབྱངས་འགུག་སྟངས་སོགས་ཀྱི་སློབ་ཁྲིད་བྱ་རྒྱུ་ཡིན་པ་མ་ཟད། ལྷ་སའི་ཉེ་འཁོར་དུ་ཡོད་པའི་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་ལ་ལྟ་སྦྱོང་བྱ་རྒྱུ་རེད།
བོད་ཀྱི་ཟློས་གར་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་སྐབས་ནས་བྱུང་ཞིང་། ཀྲུང་གོའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མིའི་རིགས་ཀྱི་དངོས་མིན་ཤུལ་བཞག་རིག་གནས་ཚབ་མཚོན་བརྩམས་ཆོས་ཁྲོད་བདམས་ཐོན་བྱུང་བའི་གྲངས་ཉུང་མི་རིགས་ཀྱི་ཟློས་གར་གཅིག་པུ་དེ་ཡིན་མ་ཟད། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཚབ་མཚོན་ཞིག་ཀྱང་ཡིན་ནོ། །