སྤུས་ཚད་མཐོན་པོའི་སྒོ་ནས་དབུལ་གྲོལ་འགག་སྒྲོལ་གྱི་གཡུལ་འཐབ་ལས་རྣམ་པར་རྒྱལ་དགོས།

རིག་འཛིན་རང་གྲོལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-01


འབྱོར་འབྲིང་ཡིན་མིན་གྱི་འགག་རྩ་ནི་ཡུལ་མི་སྤུན་ཟླར་ཐུག་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་རྒྱུར། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་། ལོ་བརྒྱ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བར། གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་ཡོད་ཚད་དབུལ་གྲོལ་ཐུབ་པ་ནི་མཚོན་རྟགས་རང་བཞིན་གྱི་དམིགས་ཚད་ཅིག་ཡིན།

ད་ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུའི་དམིགས་འབེན་མངོན་འགྱུར་བྱེད་པའི་ལོ་ཡིན་པ་དང་། ཁྱོན་ཡོངས་ནས་དབུལ་གྲོལ་འགག་སྒྲོལ་གྱི་གཡུལ་འཐབ་ལ་རྒྱལ་ཁ་ལེན་པའི་ལོ་ཡིན། དབུལ་གྲོལ་འགག་སྒྲོལ་ལ་ད་དུང་དཀའ་ཁག་གང་དག་ཡོད་པ་དང་། དབུལ་གྲོལ་གྱི་ལས་འགན་ཇི་ལྟར་ཆད་ལུས་མེད་པར་ལེགས་སྒྲུབ་བྱེད་དགོས་སམ། ད་ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོས་དབུལ་གྲོལ་འགག་སྒྲོལ་གྱི་གཡུལ་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པར་བཀོད་སྒྲིག་ཇུས་འགོད་བྱས་ཡོད་པ་དང་། རྒྱལ་ཕམ་ཐག་གཅོད་ཀྱི་གདོང་མཆོང་དུང་བརྡ་བཏང་ཡོད།

མཐའ་མའི་མཁར་རྫོང་གཏོར་བ་དང་། འབྱོར་འབྲིང་ལམ་དུ་གཅིག་ཀྱང་གཞུག་ལ་ལུས་མི་རུང་།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དབུལ་གྲོལ་འགག་སྒྲོལ་གྱི་ལས་དོན་དེ་རྒྱལ་སྲིད་སྐྱོང་ལུགས་ཀྱི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་དབུལ་གྲོལ་འགག་སྒྲོལ་གྱི་གཡུལ་འཐབ་རྒྱག་བཞིན་མཆིས། 2019ལོའི་ལོ་མཇུག་བར། གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་བསྡོམས་པས་མི་ཁྲི་9000ལས་བརྒལ་བ་ཉུང་དུ་ཕྱིན་པ་དང་། ཆ་སྙོམས་ལོ་རེར་དབུལ་པོ་མི་ཁྲི་1300ཡི་ཡན་ཉུང་དུ་ཕྱིན་པ། དབུལ་ཕོངས་རྫོང་770དབུལ་ཞྭ་ཕུད་པའམ་ཡང་ན་འབུད་རྩིས་ཡོད་པ་དང་། དབུལ་ཕོངས་བྱུང་ཚད་2%རུ་མར་ཆག དེ་བཞིན་དབུལ་གྲོལ་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་དེ། ཕྱོགས་ཡོངས་ནས་མཇུག་བསྡུ་བའི་དུས་རིམ་ལ་སླེབས་ཡོད།

ཁྱོན་ཡོངས་ནས་དབུལ་གྲོལ་ལས་འགན་ལེགས་སྒྲུབ་བྱས་ཏེ། ད་ལྟའི་དུས་མཚམས་སུ་གང་ནས་ཤུགས་རྒྱག་དགོས་སམ།

ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་ནང་གསལ་པོར་བསྟན་རྒྱུར། གནད་སྨིན་དབུལ་སྐྱོར་རྒྱུན་འཁྱོངས་བྱས་ཏེ། སྔར་བས་ནུས་ལྡན་གྱི་བྱེད་ཐབས་དང་སྔར་བས་ཞིབ་ཚགས་ཀྱི་ལས་ཀ་བསྒྲུབ་པ་དང་།
“སེམས་ཁྲལ་མེད་པ་”གཉིས་ཡོངས་ཁྱབ་མངོན་འགྱུར་བྱུང་བའི་རྨང་གཞིའི་ཐོག །ཁྱོན་ཡོངས་ནས་“འགན་སྲུང་གསུམ་”དང་འཐུང་ཆུ་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། ཤུལ་ལྷག་དབུལ་ཕོངས་མི་འབོར་དུས་བཀག་ལྟར་དབུལ་གྲོལ་ཐུབ་པ་འགན་ལེན་ཏན་ཏིག་བྱ་དགོས།

མཐའ་མའི་མཁར་རྫོང་གཏོར་ནས་དམག་ཤུགས་གཅིག་སྡུད་ཀྱིས་ཤིན་ཏུ་དབུལ་བའི་ཚར་གཅོད་དམག་འཐབ་ཡག་པོ་རྒྱག་པ། ད་ལྟ་རྒྱལ་ཡོངས་སུ་ད་དུང་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་ཁྲི་551ཡོད་པ་དང་། དབུལ་ཕོངས་རྫོང་50ལྷག་གི་དབུལ་ཞྭ་ཕུད་མེད་དེ། གཙོ་བོར་ཤིན་ཏུ་དབུལ་བའི་ས་ཁུལ་དུ་གཅིག་སྡུད་བྱེད་པ་ནི་ལོ་མང་རིང་འབད་འཐབ་བྱས་ཤིང་ཐག་གཅོད་མ་ཐུབ་པའི་དཀའ་གནད་ཅིག་རེད། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོར་བསྟན་རྒྱུར། “ཆུས་གསུམ་དང་ཁུལ་གསུམ་”སོགས་ཤིན་ཏུ་དབུལ་བའི་ས་ཁུལ་དུ་སྔར་ལས་ལྷག་པར་དམིགས་དགོས་པ་དང་། གནད་དོན་མངོན་གསལ་ཅན་དང་ལྷུ་ཚིགས་ཞན་སར་དམིགས་ཏེ་གཅིག་བསྡུས་ཀྱིས་ཤུགས་བཏོན་ནས་སྲིད་ཇུས་དོན་འཁྱོལ་དམ་འཛིན་བྱ་དགོས། ད་ལོར་ལས་ཀའི་དཀའ་ཚད་ཆེ་བའི་རྫོང་དང་གྲོང་ཚོ་དེ་དག་ལ་སྒོ་བྱང་བཀལ་ནས་ལྟ་སྐུལ་བྱ་དགོས་པ་དང་། རྒྱུན་མཐུད་ངང་འགན་འཁྲི་ནན་དུ་གཏོང་བ་དང་། རོགས་སྐྱོར་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ། འགག་རྩའི་ཁྲོད་ནས་དཀའ་གནད་ལས་སྒྲོལ་བ་འགན་ལེན་བྱ་དགོས།

ཤིན་ཏུ་དབུལ་བའི་ས་ཁུལ་ལ་དམིགས་པའི་དུས་མཚུངས་སུ། དམིགས་བསལ་གྱི་དབུལ་ཕོངས་མི་འབོར་གྱི་དབུལ་གྲོལ་གནད་དོན་ལའང་དོ་སྣང་བྱེད་པ། མིག་སྔའི་དབུལ་གྲོལ་ཐུབ་མེད་པའི་མི་འབོར་ཁྲོད། ནད་རྐྱེན་དང་དབང་པོ་སྐྱོན་ཅན་དུ་གྱུར་པའི་ཁྱིམ་ཚང་གིས་ད་དུང་བསྡུར་ཚད་ངེས་ཅན་ཞིག་བཟུང་ཡོད། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོར་བཏོན་གྱུར། དམིགས་བསལ་གྱི་དབུལ་ཕོངས་མི་ཚོགས་ལ། མ་མཐའི་འཚོ་རྟེན་འགན་སྲུང་དང་སྨན་བཅོས་འགན་བཅོལ། རྒན་གསོའི་འགན་བཅོལ། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་རོགས་སྐྱོབ་དང་འཚོ་སྐྱོང་། གནས་སྐབས་རོགས་སྐྱོབ་སོགས་ཕྱོགས་བསྡུས་སྤྱི་ཚོགས་འགན་སྲུང་གི་སྲིད་ཇུས་དོན་འཁྱོལ་བྱས་ཏེ། འགན་ལེན་གང་ཐུབ་མངོན་འགྱུར་བྱ་དགོས། ངལ་རྩོལ་བྱེད་ནུས་ཡོངས་སུ་ཤོར་བའམ་ཆ་ཤས་ཤོར་བ། ཐོན་ལས་ལས་ཞུགས་ལ་བརྟེན་ནས་དབུལ་གྲོལ་ལ་རོགས་སྐྱོར་བྱེད་མི་ཐུབ་པའི་དབུལ་ཕོངས་མི་འབོར་ལ། ཕྱོགས་བསྡུས་སྤྱི་ཚོགས་འགན་སྲུང་སྲིད་ཇུས་ལ་བརྟེན་ནས་མཐའ་སྐྱོང་བྱས་ཏེ། ཁྱོན་ཡོངས་འབྱོར་འབྲིང་གི་ལམ་དུ་རྗེས་ལུས་ཐེབས་སུ་འཇུག་མི་རུང་།

དབུལ་གྲོལ་གྲུབ་འབྲས་སྲ་བརྟན་དུ་བཏང་ནས། དབུལ་གྲོལ་བརྟན་པོ་དང་དབུལ་པོ་བསྐྱར་ལོག་སྔོན་འགོག་བྱ་དགོས།

ཁྱོན་ཡོངས་ནས་དབུལ་གྲོལ་འགག་སྒྲོལ་གྱི་གཡུལ་འཐབ་ལ་རྒྱལ་ཁ་བླངས་ཏེ། དབུལ་པོ་བསྐྱར་ལོག་དང་མུ་མཐུད་འགག་སྒྲོལ་བྱ་རྒྱུ་གཅིག་ལྟར་གལ་ཆེ་ཡིན། གཞི་གྲངས་ལས་མངོན་པ་ལྟར་ན། རྒྱལ་ཡོངས་སུ་དབུལ་གྲོལ་ཐུབ་པའི་མི་ཁྲི་9000ལྷག་གི་ཁྲོད་དུ་ཉུང་ཤས་ཤིག་དབུལ་པོ་བསྐྱར་ལོག་གི་ཉེན་ཁ་ཡོད་པ་དང་། གཞན་ད་དུང་མཐའ་འཁོབ་ཀྱི་མི་འབོར་ཁ་ཤས་ལའང་དབུལ་པོར་འགྱུར་བའི་ཉེན་ཁ་ལྡན། མང་ཚོགས་དེ་དག་ལ་བརྟན་པོའི་ངང་དབུལ་གྲོལ་ཐུབ་པ་བྱ་རྒྱུ་དེ་དབུལ་གྲོལ་གྱི་སྤྱི་ཡོངས་ཀྱི་སྤུས་ཚད་དང་འབྲེལ་བ་དམ་ཟབ་ཆགས་འདུག

ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོར་ནན་གྱིས་བསྟན་རྒྱུར། དབུལ་གྲོལ་གྲུབ་འབྲས་སྲ་བརྟན་བཏང་ནས་དབུལ་པོ་བསྐྱར་ལོག་ལ་སྔོན་འགོག་བྱ་དགོས། ད་ལོར་དབུལ་གྲོལ་ཐུབ་པའི་མི་འབོར་ལ་ཕྱོགས་ཡོངས་ཀྱིས་ལེབ་བཤེར་བྱ་དགོས་པ་དང་། སྐྱོན་ཆ་དང་རྣམ་གྲངས་འཚོལ་ཞིབ་ནན་ཏན་བྱས་ཏེ། རྣམ་གྲངས་རེ་རེ་བཞིན་དག་ཐེར་གཙང་བཤེར་དང་། དུད་ཚང་རེ་རེ་བཞིན་རྩིས་བསྡུར་རྩིས་སུབ་བྱས་ཏེ། ཁོང་ཚོ་དབུལ་གྲོལ་བརྟན་པོ་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས། དབུལ་པོར་བསྐྱར་ལོག་གི་ཉེན་ཁ་ཡོད་པའི་དབུལ་གྲོལ་མི་འབོར་དང་དབུལ་པོར་འགྱུར་བའི་ཉེན་ཁ་ཡོད་པའི་མཐའ་མཚམས་མི་འབོར་ལ་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་ལས་ཀ་སྤེལ་ཏེ། དུས་ལྟར་ཁ་གཏད་རང་བཞིན་གྱི་རོགས་སྐྱོར་མཁོ་འདོན་བྱ་དགོས། ཐོན་ལས་རོགས་སྐྱོར་དང་ལས་ཞུགས་རོགས་སྐྱོར། གནས་སྤོ་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་དང་། བློ་སྐྱོར་རིག་སྐྱོར་སོགས་ཀྱི་ལས་ཀ་སྤེལ་ཤུགས་ཆེ་རུ་བཏང་ནས། དབུལ་ཕོངས་མང་ཚོགས་ཀྱི་ཐོན་སྐྱེད་དང་ལས་ཞུགས། ལས་གཏོད་སོགས་ཐད་ཀྱི་དངོས་ཡོད་གནད་དོན་ཤུགས་ཆེན་པོས་ཐག་གཅོད་བྱས་ཏེ། དབུལ་གྲོལ་གྱི་ནང་གནས་སྒུལ་ཤུགས་འཕེལ་བ་བྱས་ནས་ཁོང་ཚོར་ལས་ཞུགས་བརྟན་པོ་དང་འབབ་འཕར་ཡོང་རྒྱུར་རོགས་རམ་བྱ་དགོས།

དབུལ་གྲོལ་འགག་སྒྲོལ་གཡུལ་འཐབ་ཀྱི་མཇུག་བསྡུའི་ལོ་ཇི་ལྟར་མཇུག་བསྡུ་དགོས་ཞེ་ན། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོར་དཔྱད་ཞིབ་རྩིས་ལེན་དང་དྲིལ་བསྒྲགས་ལས་ཀ་བཟང་པོར་བསྒྲུབ་དགོས་པ་དང་། དབུལ་ཕོངས་ཕྱིར་འབུད་ཀྱི་འགག་སྒོ་ནན་སྲུང་བྱ་དགོས་པ་བཏོན། ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞི་མཐའ་འཁྱོངས་བྱས་ནས་དབུལ་ཕོངས་ནས་ཕྱིར་འཐེན་བྱེད་པའི་ཚད་གཞི་དང་གོ་རིམ་ལག་བསྟར་ནན་མོ་བྱེད་པ། ལྟ་སྐུལ་ཞིབ་བཤེར་དང་སྐོར་ཞིབ། ལྟ་སྐུལ་སློབ་སྟོན་སོགས་ཀྱི་བྱེད་ཐབས་གང་ལེགས་སྤྱད་དེ། དམིགས་འབེན་དང་ལས་འགན་ལེགས་འགྲུབ་ཡོང་བར་ཤུགས་རྐྱེན་ཐེབས་པའི་གནད་དོན་སྣ་ཚོགས་འཚོལ་ཞིབ་བྱས་ཏེ། དུས་ཐོག་ཏུ་དག་ཐེར་ཐག་གཅོད་བྱས་ནས་ལས་ཀའི་རང་འགུལ་བརྩོན་ལེན་བྱ་དགོས། ད་ལོར་དབུལ་གྲོལ་འགག་སྒྲོལ་གྱི་ཡོངས་ཁྱབ་ཞིབ་བཤེར་སྤེལ་རྒྱུ་ཡིན་པས། ས་གནས་སོ་སོས་རྩ་འཛུགས་ལག་བསྟར་ནན་ཏན་བྱས་ཏེ། བློ་ཐག་རྦད་ཆོད་ཀྱིས་གྲངས་ཀའི་དབུལ་གྲོལ་དང་རྫུན་བཟོའི་དབུལ་གྲོལ་གཏན་འགོག་བྱས་ཏེ། དབུལ་གྲོལ་གྲུབ་འབྲས་ཀྱིས་ལོ་རྒྱུས་ཀྱི་ཞིབ་བཤེར་ཐེག་ཐུབ་པ་འགན་ལེན་བྱ་དགོས།

དབུལ་གྲོལ་འགག་སྒྲོལ་གྱི་དྲིལ་བསྒྲགས་ཤུགས་སྣོན་བྱས་ཏེ། ཕྱི་རོལ་ཡུལ་གྱི་དོན་དངོས་དང་གསོན་ཉམས་དོད་པའི་དཔེ་མཚོན་ལ་བརྟེན་ནས་དབུལ་གྲོལ་འགག་སྒྲོལ་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་མངོན་པར་བྱེད་པ་དང་། དབུལ་གྲོལ་འགག་སྒྲོལ་ཁྲོད་ཐོན་པའི་དགའ་སྐྱོ་གཉིས་ལྡན་གྱི་དཔའ་བོ་དཔེ་བཟང་ལ་བསྟོད་གླུ་འབུལ་བ་དང་། དབུལ་གྲོལ་འགག་སྒྲོལ་གྱི་རླབས་ཆེན་སྙིང་སྟོབས་ཕྱོགས་བསྡོམས་བྱས་ནས་ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་གསོན་ཉམས་ལྡན་པའི་གཏམ་རྒྱུད་ཡག་པོ་བཤད།

སྲིད་ཇུས་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། དབུལ་ཕོངས་རྫོང་གིས་ཞྭ་མོ་ཕུད་ཀྱང་འགན་འཁྲི་དང་སྲིད་ཇུས། རོགས་སྐྱོར། ལྟ་སྐུལ་དོ་དམ་བཅས་མི་འདོར་བ།

ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོར་ནན་གྱིས་བསྟན་རྒྱུར། དབུལ་གྲོལ་འགག་སྒྲོལ་གྱི་སྲིད་ཇུས་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་རྒྱུན་འཁྱོངས་བྱེད་པ། བྱེད་ཐབས་འདི་ལ་དོན་སྙིང་ཅི་ཞིག་ཡོད་ཅེ་ན།

དེ་ནི་དབུལ་གྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་ཆོད་པའི་འགག་རྩའི་དུས་མཚམས་སུ་བརྡ་རྟགས་གསལ་པོ་བརྒྱུད་སྤྲོད་བྱས་ཏེ། དབུལ་གྲོལ་འགག་སྒྲོལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་དང་ལས་ཀ་སྤེལ་ཤུགས་ཤུགས་སྣོན་རྒྱག་པ་ལས་ཞན་དུ་གཏོང་མི་རུང་།

འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ། དབུལ་ཕོངས་རྫོང་གིས་ཞྭ་མོ་ཕུད་ཀྱང་འགན་འཁྲི་དང་སྲིད་ཇུས། རོགས་སྐྱོར། ལྟ་སྐུལ་དོ་དམ་བཅས་མི་འདོར་བའི་བླང་བྱ་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པར་མ་ཟད། དབུལ་གྲོལ་འགག་སྒྲོལ་གྱི་འགན་འཁྲི་དོན་འཁྱོལ་ལ་དམ་འཛིན་དང་། རིམ་པ་ལྔའི་ཧྲུའུ་ཅི་ཡིས་དབུལ་སྐྱོར་དམ་འཛིན་བྱེད་པར་ཤུགས་སྣོན་རྒྱག་དགོས།

གཏོང་འཇོག་ནུས་ཤུགས་ཉུང་དུ་མི་འགྲོ་བ་འགན་ལེན་བྱེད་པ། 2019ལོར་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་ཁྲི་ལས་བརྒལ་བ་ས་ཁུལ་དབུལ་པོའི་རྫོང་དང་། ཡུལ་ཤོག །གྲོང་ཚོ་བཅས་ལ་བཏང་ཡོད། ད་ལོར་མུ་མཐུད་དུ་ནོར་སྲིད་དབུལ་སྐྱོར་མ་དངུལ་གཏོང་འཇོག་བྱས་ཏེ། ཀྲུང་དབྱང་ནོར་སྲིད་ཀྱི་ཆེད་དོན་དབུལ་སྐྱོར་མ་དངུལ་གྱི་གསར་འཕར་ཆ་ཤས་གཙོ་བོ་“ཆུས་གསུམ་དང་ཁུལ་གསུམ་”སོགས་ཤིན་ཏུ་དབུལ་བའི་ས་ཁུལ་དུ་སྤྱོད་རྒྱུ་ཡིན་པ་རེད། དབུལ་གྲོལ་བརྟན་པོ་མངོན་འགྱུར་བྱུང་བའི་རྫོང་ལ་གྲོང་ཁྱེར་(རང་སྐྱོང་ཁུལ་དང་། ཐད་གཏོགས་གྲོང་ཁྱེར།)གྱིས་དངོས་ཡོད་གནད་དོན་ལ་གཞིགས་ནས་གཅིག་འདོམས་ངང་ཆེད་དོན་དབུལ་སྐྱོར་མ་དངུལ་བཀོད་སྒྲིག་བྱ་ཆོག་པར། དབུལ་ཕོངས་རྫོང་མིན་པ་དང་དབུལ་ཕོངས་སྡེ་པ་མིན་པའི་དབུལ་ཕོངས་མི་གྲངས་དབུལ་ཕོངས་ལས་ཐར་བར་རྒྱབ་སྐྱོར་བྱ་དགོས།

དབུལ་སྐྱོར་སྟོབས་ཤུགས་བརྟན་པོ་ཡོང་བར་ཁག་ཐེག་བྱེད་པ། དབུལ་སྐྱོར་ཆེན་པོའི་རྣམ་པ་བསྐྲུན་ནས་སྤྱི་ཚོགས་ལས་རིགས་ཁག་རྒྱུན་མཐུད་ངང་དབུལ་གྲོལ་འགག་སྒྲོལ་ནང་ཞུགས་རྒྱུར་རྒྱ་ཁྱབ་སྒོས་སྐུལ་སློང་བྱས་ཏེ། འགག་སྒྲོལ་ལ་རྒྱལ་ཁ་ཕུ་ཐག་གཅོད་པའི་འགྲིལ་ཤུགས་ཆེན་པོ་ཆགས་པར་བྱས། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོར་བཏོན་རྒྱུར། ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང་།
ཁ་གཏད་རོགས་སྐྱོར། གནས་ཁེལ་དབུལ་སྐྱོར། སྤྱི་ཚོགས་ཀྱི་དབུལ་སྐྱོར་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས། དབུལ་སྐྱོར་ལས་ཀའི་དཔུང་ཁག་བརྟན་པོ་ཡོང་བ་དང་། གཞི་རིམ་གྱི་རོགས་སྐྱོར་སྟོབས་ཤུགས་ཆེ་རུ་གཏོང་དགོས།

དབུལ་པོ་ཉུང་གཏོང་གི་ལས་ཀ་མུ་མཐུད་དུ་སྤེལ་ནས་གོམ་པ་རྗེས་མར་ཇི་ལྟར་བསྒྲུབ་དགོས་སམ་ཞེ་ན། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོར་བཏོན་རྒྱུར། དབུལ་གྲོལ་འགག་སྒྲོལ་གྱི་ལས་འགན་ལེགས་འགྲུབ་བྱུང་རྗེས། རང་རྒྱལ་གྱི་དབུལ་ཕོངས་གནས་ཚུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་རྒྱུ་རེད། དབུལ་སྐྱོར་ལས་ཀའི་གཙོ་གནད་དེ་བལྟོས་བཅས་ཀྱི་དབུལ་ཕོངས་ཐག་གཅོད་བྱེད་པའི་ཕྱོགས་སུ་བསྒྱུར་རྒྱུ་དང་། དབུལ་སྐྱོར་ལས་ཀ་བྱེད་སྟངས་དེ་གཅིག་བསྡུས་ཀྱིས་དམག་འཐབ་བྱེད་པ་ནས་རྒྱུན་རྣམ་དུ་འགྱུར་བར་བྱ་དགོས་པ་དང་། ལྟོས་བཅས་ཀྱི་དབུལ་ཕོངས་ཐག་གཅོད་པའི་ཡུན་ཕན་ལམ་སྲོལ་འཛུགས་པར་ཞིབ་འཇུག་བྱས་ནས། དབུལ་ཕོངས་ཉུང་གཏོང་གི་འཐབ་ཇུས་དང་ལས་ཀའི་མ་ལག་བརྟན་པོའི་ངང་ཕྱོགས་སྒྱུར་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ལྟོས་བཅས་ཀྱི་དབུལ་ཕོངས་གནད་དོན་ཐག་གཅོད་བྱེད་པའི་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་གཅིག་གྱུར་འཆར་འགོད་ནང་འཇུག་དགོས།

དབུལ་གྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་འགན་འཁྲི་ལྕི་བ་དང་ལས་འགན་གཟི་བརྗིད་ལྡན་པ། ང་ཚོས་དམིགས་འབེན་དམ་འཛིན་དང་། རྒྱུན་འཁྱོངས་ལྷོད་མེད། དམག་འཐབ་གང་ཐུབ་བཅས་དམག་འཐབ་ཀྱི་སེམས་ཤུགས་ཡོད་ཚད་བཏོན་ནས་ལས་ཀའི་བྱེད་ཐབས་ཞིབ་ཕྲ་དོན་འཁྱོལ་བྱས་ན། དབུལ་གྲོལ་འགག་སྒྲོལ་གྱི་ལས་འགན་སྤུས་ཚད་མཐོ་བའི་ངང་ལེགས་སྒྲུབ་ཐུབ་ངེས་པ་དང་། ཁྱོན་ཡོངས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལེགས་འགྲུབ་ཀྱི་དམིགས་འབེན་དུས་ལྟར་མངོན་འགྱུར་བྱ་ཐུབ་ངེ


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1