པར་ལེན་པ་མི་ལིན་ནི་སི་ཁྲོན་རྔ་བ་རུ་སྐྱེས་ཤིང་། སྟེས་དབང་གི་གོ་སྐབས་ཤིག་གིས་པར་ལེན་ལ་སྤྲོ་སྣང་སྐྱེད་ཅིང་ད་ལྟར་ཆེད་ལས་པར་ལེན་མཁན་ཞིག་ཏུ་གྱུར་ཡོད་ལ། 2014ལོར། ཁོ་རང་རྔ་བ་རྫོང་ཡུལ་སྐོར་ཅུས་ལ་ལས་སྤོར་བྱས་ཏེ། དུས་དེ་ནས་བཟུང་པར་ལེན་སྒྱུ་རྩལ་དང་དངོས་སུ་ལས་འབྲེལ་ཆགས།
ཁོའི་པར་མིག་ལས་རི་མོ་ལྟར་བཀྲ་བའི་མཐོ་སྒང་གི་མཛེས་ལྗོངས་མངོན་ཞིང་། ལྷག་པར་དུ་རྔ་བའི་ཁྱད་འཕགས་ཀྱི་ཡུལ་སྲོལ་གོམས་གཤིས་མང་དུ་མངོན། དེ་ཡང་ཁོ་རང་གིས་བཤད་པ་ནང་བཞིན། རྔ་བའི་རང་བྱུང་ཡུལ་ལྗོངས་མཛེས་མོད། ཡུལ་འདིའི་ཆ་ལུགས་གོམས་སྲོལ་ནི་ཡུལ་གཞན་གྱིས་དེ་བས་དོ་ཟླ་བྲལ་བ་ཞིག་ཡིན།
ལོ་བདུན་གྱི་རིང་། ཁོས་པར་རིས་ཁྲི་བཅུ་ཙམ་དང་བརྙན་སུམ་བརྒྱ་ཡས་མས་བླངས་པར་བརྒྱུད་ནས་ཕ་ཡུལ་གྱི་མཛེས་པ་ཟིན་བྲིས་སུ་བཀོད་ཡོད། །