ལྷ་ས་གྲོང་ཁྱེར་གྱིས་ཐབས་མང་མཉམ་སྤྱོད་ངང་འཚོ་བའི་གད་སྙིགས་རིགས་དབྱེའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-02


   ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཟླ་6ཚེས་30ཉིན། རྒྱལ་ཡོངས་ཀྱི་འཚོ་བའི་གད་སྙིགས་རིགས་དབྱེ་བཅོས་སྐྱོང་གི་ཚོད་ལྟའི་གྲོང་ཁྱེར་46ཁྲོད་ཀྱི་གྲས་ཤིག་ཡིན་པའི་ཆ་ནས། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་ཐབས་མང་མཉམ་སྤྱོད་ངང་འཚོ་བའི་གད་སྙིགས་རིགས་དབྱེའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། ཁྱོན་ཡོངས་ནས་གད་སྙིགས་རིགས་དབྱེའི་ཆུ་ཚད་དང་གནོད་མེད་ཅན་གྱི་ཐག་གཅོད་ནུས་པ་ཇེ་མཐོར་བཏང་བ་རེད། མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱི་གད་སྙིགས་རིགས་དབྱེའི་ངང་འཇོག་པའི་ལས་དོན་ལ་ཕན་འབྲས་རགས་ཙམ་ཐོན་ཡོད།
    ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་འཛིན་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། 2018ལོ་ནས་བཟུང་། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་སྔ་རྗེས་སུ་གྲོང་ཁྱེར་ཡོངས་ཀྱི་འཚོ་བའི་གད་སྙིགས་རིགས་དབྱེར་སྐུལ་འདེད་གཏོང་བའི་ཚོགས་འདུ་ཐེངས་བཅུ་གཅིག་འཚོགས་པ་དང་། གྲོང་ཁྱེར་སྲིད་གཞུང་དང་། ཆུས་ཁག་གི་སྲིད་གཞུང་། གླིང་ཁུལ་ཁག་གི་དོ་དམ་ཨུ་ལྷན་བཅས་ཁག་སོ་སོར་སྲིད་འཛིན་གཙོ་འགན་འཁུར་མཁན་གྱིས་འགན་འཁུར་བའི་ཆེད་གཉེར་མཐོ་རིམ་མཐུན་སྦྱོར་འགོ་ཁྲིད་ཚོ་ཆུང་དང་ལག་བསྟར་གཞུང་ལས་ཁང་བཙུགས་ནས། ཆེད་བསྐོས་མི་སྣ་དང་ཆེད་བསྐོས་ལས་འགན་ཐོག་ནས་གད་སྙིགས་རིགས་དབྱེའི་ལས་དོན་ལ་ལྟ་སྐུལ་མཐུན་སྦྱོར་བྱ་རྒྱུར་སྐུལ་འདེད་བཏང་ཡོད།
    གྲངས་གཞི་ལས་མངོན་པ་ལྟར་ན། མིག་སྔའི་བར། ལྷ་ས་གྲོང་ཁྱེར་དུ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཚན་པའི་གད་སྙིགས་རིགས་དབྱེ་100%ཟིན་པ་དང་། སྟོད་ལུང་ཆུས་དང་སྣེའུ་ཁུལ་གསར་གྱི་ལས་ཁུངས་དང་སྤྱི་པའི་ས་ཁོངས་ཀྱི་རིགས་དབྱེའི་གད་སྙིགས་བླུག་སྣོད་80%ལ་ཁྱབ་པ། གྲོང་ཁྱེར་གྱི་གཞུང་ལམ་རྒྱུད་དང་། ཐང་ཆེན་སྤྱི་གླིང་སོགས་སྤྱི་པའི་འདུ་གནས་2376གི་བླང་བྱ་དང་མི་མཐུན་པའི་གད་སྙིགས་བླུག་སྣོད་ཀྱི་མཚོན་རྟགས་བསྒྱུར་བཀོད་བྱས་པ་།  གཞི་གཅིག་ཅན་གྱི་རིགས་བཞིའི་གད་སྙིགས་བླུག་སྣོད་ཆ་ཚང་100བཞག་པ། ད་ལོའི་ལོ་སྟོད་དུ་གྲོང་ཁུལ་གྱི་གད་སྙིགས་མེར་སྲེག་གཏོང་ཚད་80.1%ཟིན་ཡོད་པ་བཅས་རེད་། གཞན་ཡང་། གད་སྙིགས་རིགས་དབྱེ་དོ་དམ་གྱི་ཁྲིམས་སྐྱོང་འགན་ལེན་ལ་ཤུགས་སྣོན་རྒྱག་ཆེད། མིག་སྔར་ལྷ་ས་གྲོང་ཁྱེར་གྱིས《ལྷ་ས་གྲོང་ཁྱེར་གྱི་ཟ་ཁང་གི་གད་སྙིགས་དོ་དམ་བྱ་ཐབས》ཁྱབ་བསྒྲགས་བྱས་ནས་ལག་བསྟར་བྱས་པ་དང་། 《ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་རིགས་དབྱེ་དོ་དམ་བྱ་ཐབས》ཀྱི་ཁྲིམས་འཛུགས་ལས་དོན་སྤེལ་འགོ་ཚུགས་ཡོད།
   “གད་སྙིགས་རིགས་དབྱེ་བྱ་རྒྱུ་དེ་མི་ཚང་མར་འགན་འཁྲི་ཡོད་”པའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་འཛུགས་པའི་ཐད་ལྷ་ས་གྲོང་ཁྱེར་གྱིས་ད་དུང་རླུང་འཕྲིན་བརྙན་འཕྲིན་དང་། ཚགས་པར། དྲ་སྦྲེལ་སོགས་གསར་དར་སྨྱན་སྦྱོར་བརྒྱུད་གྲོང་མི་དང་ཡུལ་སྐོར་བར་འབྲེལ་ཡོད་འཚོ་བའི་གད་སྙིགས་རིགས་དབྱེའི་ཤེས་བྱ་ཁྱབ་གདལ་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས། ལྷ་ས་གྲོང་ཁྱེར་གྱི་གད་སྙིགས་རིགས་དབྱེ་ནས་འཇོག་པའི་རྣམ་པ་ཟབ་མོ་ཧུར་ཐག་བཏོད་ཡོད།
   གཞན་ཡང་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར། ལྷ་ས་གྲོང་ཁྱེར་གྱིས་ཁྲེང་ཀོན་ཆུས་ཀྱི་སྡེ་ཁུལ་348ཀྱི་བསྡོམས་རྩིས་ཚད་གཞི་དང་རྨང་གཞིའི་གྲངས་གཞིའི་བསྡོམས་རྩིས་བྱས་ཟིན་པ་དང་། ད་ལོའི་ཟླ་8པར་སྒྲིག་བཀོད་སྒྲིག་ཆས་ཁྱོན་ཡོངས་ལ་ཁྱབ་པ་བྱ་རྒྱུ་རེད། ལྷ་ས་གྲོང་ཁྱེར་གྱི་ཟ་ཁང་གི་གད་སྙིགས་གཙང་སེལ་བཟོ་གྲྭ་སྔོན་དཔག་བྱས་ན་ད་ལོའི་ཟླ་9པར་སྤྱོད་འགོ་ཚུགས་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1