ལི་ཐང་འབུམ་ཡག་རྩྭ་ཐང་དུ་རྟ་རྒྱུག་འགྲན་སྡུར་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 07-03


           སྤྱི་ཟླ6པའི་ཚེས25ཉིན་ནས་ཚེས26ཉིན་བར། ཀྲུང་གོའི་བོད་ཀྱི་རྟ་རྒྱུག་རིག་གནས་ཀྱི་ཕ་ས་དང་གནམ་མཁའི་གྲོང་ཁྱེར་གྱི་མཚན་སྙན་ཡོད་པའི་ཁམས་ལི་ཐང་རྫོང་འབུམ་ཡག་རྩྭ་ཐང་ཐོག་གི་བརྒྱད་པའི་རྟ་རྒྱུག་ཐང་དུ་རྟ་རྒྱུག་འགྲན་སྡུར་བྱས་པ་རེད།
           སི་ཁྲོན་དང་ཡུན་ནན། བོད་ལྗོངས། ནང་སོག མཚོ་སྔོན། ཞིན་ཅང་སོགས་ས་ཁུལ་མང་པོ་ནས་འོངས་པའི་རྒྱུག་རྟ་དག་འགྲན་སྡུར་དུ་ཞུགས། ཐེངས་འདིའི་འགྲན་སྡུར་གྱི་རྣམ་གྲངས་ལ་སྨི10000ཡོད་པའི་རྒྱུག་རིང་ཚོགས་ཆུང་གི་འགྲན་སྡུར་ནང་རྟ་ཆེན་ཚོགས་ཆུང་དང་རྟ་ཆུང་ཚོགས་ཆུང་གཉིས་སུ་བགོས་ཡོད་པ་དང་། སྨི5000ཡོད་པའི་རྒྱུག་འབྲིང་ཚོགས་ཆུང་གི་འགྲན་སྡུར་ནང་རྟ་ཆེན་ཚོགས་ཆུང་དང་རྟ་ཆུང་ཚོགས་ཆུང་གཉིས་སུ་བགོས་ཡོད། སྨི3000ཡོད་པའི་མྱུར་ཚད་འགྲན་སྡུར་ནང་རྟ་ཆེན་ཚོགས་ཆུང་དང་རྟ་ཆུང་ཚོགས་ཆུང་གཉིས་སུ་བགོས་ཡོད། སྨི3000ཡོད་པའི་འགྲོས་རྩལ་འགྲན་སྡུར་དང་། སྨི1000ཡོད་པའི་འགྲོས་རྩལ་འགྲན་སྡུར། རྟ་ཐོག་ཁ་དར་ལེན་པ། རྟ་ཐོག་མདའ་འཕེན། རྟའི་གོམ་འགྲོས་བང་རྩལ་བཅས་རྣམ་གྲངས་ཕུན་སུམ་ཚོགས་པོ་ཡོད་པ་རེད།
           ཡུན་ནན་སེམས་ཀྱི་ཉི་ཟླའི་ཐེན་ཏུང་ཤུས་ཀྱི་རྟ་མཆོག་གིས་སྨི3000ཡོད་པའི་རྟ་ཆུང་ཚོགས་ཆུང་གི་ཨང་དང་པོའི་བྱ་དགའ་རག་པ་དང་། ལི་ཐང་རྫོང་གི་བློ་ཚེ་རིང་གི་རྟ་མཆོག་གིས་སྨི5000ཡོད་པའི་རྟ་ཆུང་ཚོགས་ཆུང་གི་ཨང་དང་པོའི་བྱ་དགའ་རག་པ། ཡུན་ནན་སེམས་ཀྱི་ཉི་ཟླ་རྫོང་གི་ཚེ་འཕེལ་དབང་རྒྱལ་གྱི་རྟ་མཆོག་གིས་སྨི5000ཡོད་པའི་རྟ་ཆུང་ཚོགས་ཆུང་གི་ཨང་གཉིས་པའི་བྱ་དགའ་རག་པ། ཡུན་ནན་སེམས་ཀྱི་ཉི་ཟླའི་ཚེ་འཕེལ་དབང་རྒྱལ་གྱི་རྟ་མཆོག་གིས་སྨི10000ཡོད་པའི་རྟ་ཆུང་ཚོགས་ཆུང་གི་ཨང་དང་པོའི་བྱ་དགའ་རག་པ། འདབ་པ་རྫོང་གི་བློ་བཟང་ཤེས་རབ་ཀྱི་རྟ་མཆོག་གིས་སྨི10000ཡོད་པའི་རྟ་ཆུང་ཚོགས་ཆུང་གི་ཨང་གཉིས་པའི་བྱ་དགའ་རག་པ་རེད།  །

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1