ཀྲུང་གོའི་ས་འགུལ་ལས་ཁུངས་ཀྱི་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པ་ལྟར་ན། སྤྱི་ཟླ་7པའི་ཚེས་12ཉིན་གྱི་ཆུ་ཚོད་15དང་སྐར་མ་3ཐོག་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་མཛོད་དགེ་རྫོང་དུ་ས་འགུལ་རིམ་པ་4.0ཅན་ཞིག་བྱུང་བ་དང་། འགུལ་ཁུངས་ཟབ་ཚད་སྟོང་སྨི་8རེད་འདུག་ལ། འགུལ་ལྟེ་ནི་བྱང་འཕྲེད་33.59དང་ཤར་གཞུང་102.92ཐོག་འཁེལ་ཡོད་པ་རེད།