སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་འབྲུབ་འགོག་གེགས་སེལ་ལས་དོན་ལ་བཀོད་སྒྲིག་གནང་བ།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-20
■ འབྲུབ་འགོག་གེགས་སེལ་དེ་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་འབྲེལ་བ་ཡོད་ལ། འབྲུ་རིགས་བདེ་འཇགས་དང་། དཔལ་འབྱོར་བདེ་འཇགས། སྤྱི་ཚོགས་བདེ་འཇགས། རྒྱལ་ཁབ་བདེ་འཇགས་བཅས་དང་ཡང་འབྲེལ་བ་ཡོད། འདི་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་མཐའ་མའི་རྒྱལ་ཁ་ལེན་པའི་ལོ་ཞིག་ཡིན་ལ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཞིག་ཀྱང་ཡིན་པས་འབྲུབ་འགོག་གེགས་སེལ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། འབྲེལ་ཡོད་ས་ཁུལ་དང་། སྡེ་ཚན། ཚན་པ་བཅས་ཁག་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་བྱ་རྒྱུ་དེ་ཨང་དང་པོར་བཞག་ནས་དེ་བས་ནུས་ལྡན་གྱི་བྱ་ཐབས་སྤྱད་དེ་འབྲུབ་འགོག་གེགས་སེལ་གྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས།
■ རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཡུལ་ཕྱོགས་གཅིག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཡུལ་ཕྱོགས་གཅིག་གི་བདེ་འཇགས་འགན་སྲུང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ནས་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་དམག་འཐབ་མཁར་རྫོང་གི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་རང་འགུལ་ངང་འགན་འཁྲི་འཁུར་ཕོད་པ་དང་། གདོང་མཆོང་བྱེད་ཕོད་པ། མི་དམངས་མང་ཚོགས་ལ་དམ་པོར་བརྟེན་པ། ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་། རྩ་འཛུགས་ཀྱི་ལེགས་ཆ། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་ལེགས་ཆ་བཅས་འབྲུབ་འགོག་གེགས་སེལ་གྱི་ཆབ་སྲིད་ཀྱི་ལེགས་ཆ་ཆེན་པོ་ཞིག་ཏུ་འགྱུར་བར་བྱས་ནས་འབྲུབ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་ཏང་དར་ལྷབ་ལྷུབ་ཏུ་གཡོ་བར་བྱེད་དགོས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་17ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ནས། འབྲུབ་འགོག་གེགས་སེལ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཟླ་6པ་ནས་བཟུང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་འཕྲལ་མར་བྱ་སྤྱོད་སྤེལ་བ་དང་བྱེད་ཐབས་ནུས་ལྡན་སྤྱད་དེ་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་འབྲེལ་ཡོད་སྡེ་ཚན་དང་ཚན་པ་ཁག་གིས་རང་འགན་གཙང་སྒྲུབ་དང་གཞོགས་འདེགས་དམ་ཟབ་བྱས་པ་དང་། མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་འགག་རྩའི་དུས་སུ་འཕྲལ་སྒྲུབ་རུ་ཁག་གི་ནུས་པ་བཏོན་པ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་འབད་འཐབ་བྱས་པ། འབྲུབ་འགོག་གེགས་སེལ་མ་ལག་གིས་ནུས་པ་གལ་ཆེན་ཐོན་པ། འབྲུབ་འགོག་གེགས་སེལ་ལས་དོན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་ཤུགས་ཆེན་བཏང་བ་བཅས་བྱས་པར་ཕན་འབྲས་བཟང་པོ་ཐོན་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འབྲུབ་འགོག་གེགས་སེལ་དེ་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་འབྲེལ་བ་ཡོད་ལ། འབྲུ་རིགས་བདེ་འཇགས་དང་། དཔལ་འབྱོར་བདེ་འཇགས། སྤྱི་ཚོགས་བདེ་འཇགས། རྒྱལ་ཁབ་བདེ་འཇགས་བཅས་དང་ཡང་འབྲེལ་བ་ཡོད། འདི་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་མཐའ་མའི་རྒྱལ་ཁ་ལེན་པའི་ལོ་ཞིག་ཡིན་ལ།“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཞིག་ཀྱང་ཡིན་པས་འབྲུབ་འགོག་གེགས་སེལ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། འབྲེལ་ཡོད་ས་ཁུལ་དང་། སྡེ་ཚན། ཚན་པ་བཅས་ཁག་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་སྲུང་བྱ་རྒྱུ་དེ་ཨང་དང་པོར་བཞག་ནས་དེ་བས་ནུས་ལྡན་གྱི་བྱ་ཐབས་སྤྱད་དེ་འབྲུབ་འགོག་གེགས་སེལ་གྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། མིག་སྔར་རྒྱལ་ཡོངས་ཀྱི་འབྲུབ་འགོག་ལས་དོན་དེ་ཆར་ཞོད་ཆེ་བའི“ཟླ་བ་བདུན་པའི་ཟླ་སྨད་དང་ཟླ་བ་བརྒྱད་པའི་ཟླ་སྟོད”ཀྱི་དུས་མཚམས་སུ་སླེབས་པ་དང་། འབྲི་ཆུའི་རྒྱུག་ཁུལ་གྱི་དབུས་རྒྱུད་དང་སྟོད་རྒྱུད་ས་ཁུལ་དུ་སྔར་བཞིན་ཆར་པ་འབབ་མང་བ་དང་། རྨ་ཆུའི་དབུས་རྒྱུད་དང་སྟོད་རྒྱུད་དང་། ཧའེ་ཧོ་གཙང་པོ། སུང་ཧྭ་ཅང་གཙང་པོ། ཧོའེ་ཧོ་གཙང་པོའི་རྒྱུག་ཁུལ་བཅས་སུ་འབྲུབ་ཆུ་རྒྱས་པའི་སྣང་ཚུལ་ཚབས་ཆེན་ཐོན་སྲིད། དེར་བརྟེན་ངེས་པར་དུ་ལྷོ་བྱང་རྒྱུད་ཀྱི་གཙང་པོ་དང་ཆུ་བོ་བདེ་འཇགས་ངང་འབྲུབ་དུས་སྒྲོལ་རྒྱུར་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་པ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་དང་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ། གྲ་སྒྲིག་སྔོན་འགོག་དང་འཕྲལ་སྡོམ་འཕྲལ་ཐག་གཅོད་རྒྱུ་ཟུང་འབྲེལ་བྱེད་པ། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། འབྲུབ་འགོག་གེགས་སེལ་གྱི་བྱེད་ཐབས་ཁག་ལ་དམ་འཛིན་ཏན་ཏིག་དང་དམ་འཛིན་ཞིབ་ཕྲ་བྱེད་དགོས། འབྲེལ་ཡོད་ས་ཁུལ་ཁག་ཚང་མས་སྔོན་ཇུས་གྲ་སྒྲིག་དང་། དཔུང་ཁག་གྲ་སྒྲིག དངོས་ཟོག་གྲ་སྒྲིག ཆུ་ལོག་གསོག་ཁུལ་སྤྱོད་རྒྱུ་གྲ་སྒྲིག་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་གྲ་སྒྲིག་བྱས་པ་སྤྱོད་རྒྱུ་མ་བྱུང་ཡང་སྤྱོད་རན་དུས་གྲ་སྒྲིག་མེད་པ་གཏན་ནས་བྱེད་མི་རུང་།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཏང་ཀྲུང་དབྱང་གིས་འདི་ལོའི་འབྲུབ་འགོག་གེགས་སེལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། ཟླ་5ཚེས་19ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་གནང་སྐབས། འབྲེལ་ཡོད་ཕྱོགས་ཁག་གིས་འདི་ལོའི་འབྲུབ་དུས་ཀྱི་འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ཀྱི་འབྲུབ་ཆུ་རྒྱས་ཚུལ་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་འབྲུབ་འགོག་ལས་དོན་གྱི་འགན་འཁྲི་ནན་དུ་གཏོང་བ་དང་། རིམས་ནད་ཀྱི་ཤུགས་རྐྱེན་སེལ་བ། ཆུ་བེད་ལས་གྲྭ་ཉམས་གསོར་དམ་འཛིན་ནན་པོ་བྱེད་པ། དངོས་ཟོག་གྲབས་གསོག་ལ་ཤུགས་སྣོན་རྒྱག་པ། ཉེན་སེལ་གསོ་སྦྱོང་དང་ནང་སྦྱོང་བཅས་བྱས་ཏེ་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ད་དུང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་གྱིས་མི་དམངས་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་འབྲུབ་འགོག་གེགས་སེལ་གྱི་ལས་དོན་སྤྱི་འདོམས་ངང་ཡག་པོ་སྒྲུབ་དགོས་པ་དང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་འགན་འཁྲི་ནན་དུ་བཏང་ནས་འགན་འཁྲི་འཁུར་ཕོད་པ་བྱེད་པ་དང་། སྔར་བས་བྱེད་ཐབས་ནུས་ལྡན་སྤྱོད་པ། ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་བཅས་བྱས་ནས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་གང་ཐུབ་བྱེད་དགོས་པའི་བླང་བྱའང་བཏོན་གནང་བ་རེད།
ཚོགས་འདུའི་ཐོག་བསྟན་དོན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་འབྲུབ་འགོག་གེགས་སེལ་གྱི་བྱེད་པོའི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ནས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་ཀྱིས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱ་རྒྱུ་དེ་ཨང་དང་པོར་འཇོག་དགོས། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་གེགས་སེལ་སྒྲིག་གཞི་སྒྱུར་བཅོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་འབྲེལ་ཡོད་ཕྱོགས་ཁག་གིས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་རང་སོ་སོའི་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་ཞིང་ཆེན་དང་གྲོང་ཁྱེར་དབར་དང་། སྡེ་ཚན་དབར། དམག་དཔུང་དང་ས་ཁུལ་དབར། ཆུ་བོའི་སྟོད་སྨད་དབར། ངོགས་གཡས་གཡོན་དབར་བཅས་ཀྱིས་ཕྱར་བ་གྲུ་འདེགས་ངང་འབྲུབ་འགོག་གེགས་སེལ་བྱེད་པའི་རྣམ་པ་ཞིག་ཆགས་པར་བྱེད་དགོས། འགན་འཁྲི་དེ་འབྲུབ་འགོག་གེགས་སེལ་གྱི་བརྒྱུད་རིམ་ཧྲིལ་པོ་དང་། རིམ་པ་ཁག ལས་གནས། མི་སྣ་བཅས་ལ་དོན་འཁྱོལ་བྱས་ནས་འབྲུབ་དུས་ལས་གྲྭའི་སྐོར་བཤེར་འགོག་སྲུང་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་འཐབ་ས་དང་པོར་སྐྱོད་པ་དང་། འཐབ་ས་མདུན་མར་བཀོད་འདོམས། ས་གནས་ས་ཐོག་ཏུ་ལྟ་ཞིབ་བཅས་བྱས་ཏེ་འབྲུབ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་འགན་འཁྲི་འཁུར་སེམས་མཚོན་པར་བྱས་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་སྒྲིག་འཛུགས་བྱས་ཏེ་ཀུན་སེམས་གཅིག་སྒྲིལ་དང་དཀའ་སྤྱད་འབད་འཐབ་བྱེད་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། གནད་སྨིན་ཉེན་བརྡ་གཏོང་རྒྱུར་དོགས་ཟོན་ནན་པོ་བྱེད་དགོས་ཤིང་། ཆར་པ་འབབ་ཚུལ་དང་ཆུའི་གནས་ཚུལ་སོགས་གནམ་གཤིས་ཀྱི་གྲངས་གཞི་དུས་ཐོག་དང་འཕྱུགས་མེད་ངང་སྔོན་བརྡ་གཏོང་བ་དང་ཞོར་ཐོན་གནོད་འཚེའི་སྔོན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། ལྷག་པར་དུ་ས་ཆ་ཁ་ཤས་སུ་དྲག་ཆར་འབབ་པ་དང་། རྒྱ་མཚོའི་རླུང་འཚུབ་དྲག་པོ་ལྡང་བ། ཆུ་ལོག་ཐོན་པ། འདམ་རྡོའི་ཆུ་རུད་ཐོན་པ་སོགས་སྔོན་དཔག་དང་སྔོན་བརྡ་གཏོང་བའི་ཆུ་ཚད་མཐོ་རུ་བཏང་ནས་སྔོན་བརྡའི་ཆ་འཕྲིན་གྲོང་ཚོ་དང་། དུད་ཚང་། མི་བཅས་སུ་ཁྱབ་པར་བྱེད་དགོས། ཆུ་རགས་གལ་ཆེན་དང་འགོག་སྲུང་སྒྲིག་ཆས་གལ་ཆེན་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཆུ་བེད་ལས་གྲྭ་ཚན་རིག་དང་མཐུན་པའི་ངང་བཀོད་གཏོང་བྱེད་པ། ཆུ་རགས་དང་ཆུ་ལོག་གི་ཉེན་ཁར་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཉེན་ཁ་ཤེས་འཕྲལ་མྱུར་དུ་འགོག་སྲུང་བཅས་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་གལ་ཆེན་གྱི་བདེ་འཇགས་འགན་ལེན་བྱེད་དགོས། ནུས་ཤུགས་ཡོད་རྒུས་ཉེན་སེལ་རོགས་སྐྱོབ་དང་གེགས་སེལ་བྱས་ནས་རིགས་ཁག་གི་ཉེན་སེལ་རྒུད་སྐྱོབ་ཀྱི་སྟོབས་ཤུགས་གཅིག་གྱུར་བཀོད་གཏོང་དང་། སྔ་ས་ནས་བཀོད་སྒྲིག འཕྲལ་མར་སྐྱོད་ཐུབ་པ། ནུས་ཆེའི་རོགས་སྐྱོབ་བཅས་བྱས་ནས་གྱོང་གུན་སྣ་ཚོགས་ཕོག་ཚད་ཆུང་དུ་གཏོང་གང་ཐུབ་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་དང་ཉེན་སྐྱོབ་གེགས་སེལ་གྱི་ལས་དོན་སྤྱི་འདོམས་ངང་ཡག་པོ་བསྒྲུབས་ཏེ་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་ཁག་དོན་འཁྱོལ་ནན་པོ་བྱས་ནས་རིམས་ནད་བསྐྱར་དུ་མི་ཐོན་པ་བྱེད་དགོས།
ཚོགས་འདུའི་ཐོག་བསྟན་དོན། གེགས་རྗེས་སླར་གསོ་བསྐྱར་སྐྲུན་ལ་ཇུས་འགོད་ཞིབ་ཚགས་བྱས་ཏེ་གེགས་སེལ་མ་དངུལ་དུས་ཐོག་ཏུ་གཤམ་སྤྲོད་བྱེད་པ་དང་། གེགས་སེལ་དངོས་ཟོག་གཏོང་འདྲེན་བྱེད་པ། གནོད་འཚེ་ཕོག་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་ཡོང་བ་བྱེད་པ། ཆུ་གློག་དང་། འགྲིམ་འགྲུལ། འཕྲིན་གཏོང་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་དུས་ཐོག་ཏུ་ཉམས་བཟོ་བྱེད་པ། གནོད་འཚེ་ཕོག་པའི་མང་ཚོགས་སྒྲིག་འཛུགས་དང་སྣེ་ཁྲིད་དེ་ཐོན་སྐྱེད་སླར་གསོ་དང་ཁྱིམ་གཞིས་བསྐྱར་སྐྲུན་བཅས་བྱེད་དགོས། གནོད་འཚེ་ཕོག་པའི་ཐོན་སྐྱེད་ཁེ་ལས་ཁག་གི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་རྒྱབ་སྐྱོར་བྱེད་པ་དང་། གནོད་འཚེ་ཕོག་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་སྤྱི་འདོམས་བྱས་ཏེ་ས་ཁུལ་དབུལ་པོ་དང་གནོད་འཚེ་ཕོག་པའི་དཀའ་ངལ་ཡོད་པའི་མང་ཚོགས་ལ་རྒྱབ་སྐྱོར་བྱས་ནས་གནོད་འཚེ་ཕོག་པའི་རྐྱེན་གྱིས་དབུལ་པོར་འགྱུར་བ་དང་དབུལ་པོ་རང་ལོག་མི་ཡོང་བ་བྱེད་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། གནོད་འཚེ་སྔོན་འགོག་བྱེད་ནུས་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ་སྔོན་འགོག་གཙོ་བོར་བྱེད་པ་དང་གནོད་འཚེ་སྔོན་འགོག་དང་གེགས་སེལ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ལས་གྲྭ་གལ་ཆེན་འཛུགས་སྐྲུན་དང་། རྨང་གཞིའི་སྒྲིག་བཀོད་གལ་ཆེན་གྱི་ཞན་ཆ་སེལ་བ། གྲོང་ཁྱེར་གྱི་ཞོད་སྐྱོན་བཅོས་སྐྱོང་བྱེད་པ། གནོད་འཚེ་སྔོན་འགོག་དང་གྲ་སྒྲིག་གི་མ་ལག་དང་ནུས་པ་འཛུགས་སྐྱོང་སོགས་ཤུགས་སྣོན་བརྒྱབ་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ནང་བཅུག་ནས་སྤྱི་འདོམས་བསམ་གཞིག་བྱེད་དགོས།
ཚོགས་འདུའི་ཐོག་བསྟན་དོན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཡུལ་ཕྱོགས་གཅིག་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཡུལ་ཕྱོགས་གཅིག་གི་བདེ་འཇགས་འགན་སྲུང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་ནས་གཞི་རིམ་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་དམག་འཐབ་མཁར་རྫོང་གི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རང་འགུལ་ངང་འགན་འཁྲི་འཁུར་ཕོད་པ་དང་། གདོང་མཆོང་བྱེད་ཕོད་པ། མི་དམངས་མང་ཚོགས་ལ་དམ་པོར་བརྟེན་པ། ཏང་གི་ཆབ་སྲིད་ཀྱི་ལེགས་ཆ་དང་། རྩ་འཛུགས་ཀྱི་ལེགས་ཆ། མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པའི་ལེགས་ཆ་བཅས་འབྲུབ་འགོག་གེགས་སེལ་གྱི་ཆབ་སྲིད་ཀྱི་ལེགས་ཆ་ཆེན་པོ་ཞིག་ཏུ་འགྱུར་བར་བྱས་ནས་འབྲུབ་འགོག་གེགས་སེལ་གྱི་འཐབ་ས་དང་པོར་ཏང་དར་ལྷབ་ལྷུབ་ཏུ་གཡོ་བར་བྱེད་དགོས།