༄༅།།ཆུ་རྐྱལ་གྱི་ཕན་ནུས་དང་རྒྱག་སྟངས

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་ཚགས། སྤེལ་དུས། 07-23




    ཚང་མས་ཤེས་གསལ་ལྟར། དབྱར་དུས་ནི་ཆུ་རྐྱལ་རྒྱག་པའི་ནམ་དུས་ཡག་ཤོས་ཤིག་རེད་ལ། ཆུ་རྐྱལ་བརྒྱབ་ན་ཕན་ནུས་ཀྱང་མི་ཉུང་བ་ཞིག་ཡོད་དེ། 








(སྦལ་རྐྱལ)
    གཅིག་ནས། སྙིང་དང་གློ་བ་ཐང་དུ་འགྲོ་ཐུབ་ལ། དབུགས་ཐག་ཀྱང་རིང་དུ་གཏོང་ཐུབ་ཀྱི་ཡོད་པས། ལམ་སེང་འཁྱག་འདར་མི་རྒྱག་པ་དང་། ཆམ་ནད་སོགས་སྔོན་འགོག་ངེས་ཅན་ཐུབ།



(དམག་རྐྱལ)
    གཉིས་ནས། ཕྲུ་གུ་ཚོས་རྒྱུན་དུ་ཆུ་རྐྱལ་བརྒྱབ་ཚེ། ན་ཟླ་དང་བསྡུར་ན་གཟུགས་པོ་ལོན་ཚད་ཅུང་མགྱོགས་སྲིད།


(ལྟག་རྐྱལ)
    གསུམ་ནས།  ཆུ་རྐྱལ་གྱིས་གཟུགས་པོ་ཚང་མར་སྦྱོང་བརྡར་ཆེན་པོ་ཐེབས་ཀྱི་ཡོད་པས། གཟུགས་པོའི་དུག་རྒྱུ་མང་པོ་ཕྱིར་འབུད་ཐུབ། དེར་བརྟེན། ཆུ་རྐྱལ་ཚད་རན་པོ་བརྒྱབ་ཚེ། ལུས་པོ་སྐམ་དུ་གཏོང་ཐུབ་པ་མ་ཟད། གཟུགས་བྱད་ཀྱང་སྔར་བས་ལེགས་སུ་འགྲོ་སྲིད།



(ཕྱེལ་རྐྱལ)
    བཞི་ནས། ཆུ་རྐྱལ་བརྒྱབ་ཚེ་རྨས་སྐྱོན་འགའ་ཤས་ཀྱི་དྲག་སྐྱེད་ལ་ཕན་པ་ཆེན་པོ་ཡོད། དེའང་ཆུ་ནང་དུ་འཕྱོ་ཤུགས་དང་གནོན་ཤུགས་སོགས་ཡོད་པས། ལུས་རྩལ་བ་མི་ཉུང་བ་ཞིག་གིས་ཆུ་ནང་གི་སྦྱོང་བརྡར་ལ་བརྟེན་ནས་རྨས་སྐྱོན་ཤོར་བ་དྲག་སྐྱེད་ཡོང་ཐབས་བྱེད་ཀྱི་ཡོད། 

    འོན་ཀྱང་། ཁ་ལག་མ་བཟས་པར་ཆུ་རྐྱལ་བརྒྱབ་ཚེ། ཟས་ཀྱི་དང་ག་འགག་པ་དང་འཇུ་ནུས་ཉམས་པ་མ་ཟད། མགོ་བོ་ན་བ་དང་སྐྱུག་མེར་ལང་བ་སོགས་བྱ་སྲིད། དེར་བརྟེན། ང་ཚོས་ཆུ་རྐྱལ་རྒྱག་པའི་དུས་ཚོད་ལ་ཚོད་འཛིན་ཡག་པོ་བྱེད་དགོས་ལ། སྒེར་གྱི་འཕྲོད་བསྟེན་ལའང་དོ་སྣང་བྱེད་དགོས་འདུག 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1