ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚེས22ཉིན་ཅི་ལིན་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད། ཉིན་དེའི་ཕྱི་དྲོར། ཁོང་ཉིད་ཐོག་མར་སི་ཕིང་གྲོང་ཁྱེར་ལི་ཧྲུའུ་རྫོང་གི་རྒྱལ་ཁབ་ཀྱི་ལྗང་མདོག་བཟའ་བཅའི་རྒྱུ་ཆ(མ་རྨོས་ལོ་ཏོག)ཚད་ལྡན་ཅན་གྱི་ཐོན་སྐྱེད་རྟེན་གཞིའི་དཔེ་སྟོན་ཁུལ་དང་ལུའུ་ཝུའེ་ཞིང་འཕྲུལ་ཞིང་པའི་ཆེད་ལས་མཉམ་ལས་ཁང་དུ་ཕེབས་ནས་འབྲུ་རིགས་ཐོན་སྐྱེད་དང་། ས་ནག་སྲུང་སྐྱོང་དང་བེད་སྤྱོད། ཞིང་ལས་འཕྲུལ་ཆས་ཅན་དང་གཞི་ཁྱོན་ཅན་གྱི་གཉེར་སྐྱོང་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་རེད། དེ་རྗེས་ཞི་ཅིན་ཕིང་གིས་སི་ཕིང་གཡུལ་འགྱེད་དྲན་གསོ་ཁང་དུ་གཟིགས་སྐོར་གནང་ནས་གསར་བརྗེའི་ལོ་རྒྱུས་བསྐྱར་དྲན་དང་གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་པ་རེད། །