སི་ཕེན་གྱི་རིགས་གཅིག་མཁས་ཅན་གྱིས་ཡོ་རོབ་མནའ་འབྲེལ་ལ“ཨ་རིའི་རྒྱ་རྙིར”མི་ཚུད་པ་བྱེད་དགོས་པའི་འབོད་སྐུལ་བྱས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 07-24



     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་མ་ཏེ་རི་ནས་ཟླ་7ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན་སི་ཕེན་གྱི་ཀྲུང་གོའི་སྲིད་ཇུས་ལྟ་ཞིབ་དྲ་བའི་ཀྲུའུ་རེན་རྒྱལ་སྤྱིའི་ཆབ་སྲིད་གནད་དོན་གྱི་རིགས་གཅིག་མཁས་ཅན་ཧུའུ་ལི་ཨའོ·ལི་ཨའོ་སི་ཡིས་མིང་བཀོད་རྩོམ་ཡིག《ཧྭ་ཝུའེ་དང་བདེ་འཇགས་གནད་དོན་སྐོར་གྱི་ཁ་རྒྱུན་དུ་གྱུར་པའི་གཏམ་རྙིང》ཞེས་པ་སྤེལ་བའི་ནང་ཨ་རིས་ཀྲུང་གོའི་ཁེ་ལས་ཏེ་ཧྭ་ཝུའེ་ལ་རྡུང་རྡེག་གཏོང་བའི་དམིགས་ཡུལ་ལ་དབྱེ་ཞིབ་བྱས་པ་མ་ཟད། ད་དུང་ཡོ་རོབ་མནའ་འབྲེལ་ལ“ཨ་རིའི་རྒྱ་རྙིར”མི་ཚུད་པ་བྱེད་དགོས་པའི་འབོད་སྐུལ་ཡང་བྱས་ཡོད།
    ལི་ཨའོ་སིས་རྩོམ་ཡིག་ནང་ཧྭ་ཝུའེ་ཡི་ལག་རྩལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་འཇིགས་སྐུལ་བཟོ་ཡི་འདུག་ཅེས་པ་ནི“ལྷ་སྒྲུང”ལྟ་བུ་རེད། “དངོས་གནས་མངོན་གསལ་དོད་པའི་དོན་དངོས་འབའ་ཞིག་དེ་ཧྭ་ཝུའེ་ཡི་ལག་རྩལ་ལ་འགྲན་རྩོད་ནུས་པ་ཧ་ཅང་ཆེན་པོ་ལྡན་པ་དང་འབྲེལ། ཀྲུང་གོ་འདི་ཉིད་སྔོན་ཐོན་གྱི་གནས་བབ་ཏུ་སླེབས་རྒྱུ་ཡིན་པ་དེ་རེད། དེ་ནི་ཁོང་ཚོས་ཧྭ་ཝུའེ་འདི་ཉིད‘བདེ་འཇགས’འཇིགས་སྐུལ་གྱི་ཁོངས་སུ་བཅུག་ནས་ཀྲུང་གོ་འཕེལ་རྒྱས་འགྲོ་རྒྱུར་བཀག་འགོག་བྱེད་རྩིས་བྱེད་པའི་དམིགས་ཡུལ་ངོ་མ་དེ་རེད”ཅེས་ནན་བཤད་ཡང་ཡང་བྱས་ཡོད།
    རྩོམ་ཡིག་ནང་ཀྲུང་གོའི་ལག་རྩལ་ཆུ་ཚད་མཆོང་སྐྱོད་ལྟ་བུའི་སྒོ་ནས་གོང་མཐོར་སོང་བ་དེ་ཚན་རྩལ་ཁྱབ་ཁོངས་ལ་མ་དངུལ་འབོར་ཆེན་བཏང་བ་དང་བློ་ཁོག་ཆེན་པོས་འཕེལ་རྒྱས་ཀྱི་སྲིད་ཇུས་ལག་ལེན་བསྟར་བ་ལས་བྱུང་བ་ཞིག་རེད། ཀྲུང་གོའི་ཚན་རིག་ལག་རྩལ་ཤེས་ལྡན་པའི་འཕེལ་རྒྱས་འཐབ་ཇུས་ཀྱི་རྩ་བ་དེ་སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་བ་དང་ཀྲུང་ཕྱིའི་ཤེས་ལྡན་མི་སྣའི་ཡིད་དབང་འགུག་ཤུགས་ལ་ཚུགས་པར་བྱས་ཡོད། དེ་ནི་ཀྲུང་གོ་འདི་ཉིད་5Gསོགས་ལག་རྩལ་ཐད་ཨ་རི་ལས་བརྒལ་བའམ་ཡང་ན་བརྒལ་ཐུབ་རེ་ཡོད་པས་རེད་ཅེས་འཁོད་ཡོད།
    རྩོམ་ཡིག་ནང་དབྱིན་ཇིས་ཧྭ་ཝུའེ་འདི་ཉིད་དེའི་5Gདྲ་རྒྱའི་བཀོད་སྒྲིག་ནང་ཞུགས་རྒྱུ་བཀག་སྡོམ་བྱ་རྒྱུའི་གཏན་འབེབས་བྱས་པ་ལས་མ་དངུལ་འབོར་ཆེན་ཤོར་རྒྱུ་དང་། དབྱིན་ཇིའི་5Gདྲ་རྒྱ་བསྐྲུན་རྒྱུ་ནར་འགྱངས་འགྲོ་རྒྱུ་མ་ཟད། ད་དུང་ཀྲུང་དབྱིན་རྒྱལ་ཁབ་གཉིས་པོའི་དབར་གྱི་འབྲེལ་བར་འགལ་རྐྱེན་འཕྲད་རྒྱུ་རེད་ཅེས་འཁོད་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1