ཞི་ཅིན་ཕིང་བྱང་སྐར་སྤུན་བདུན་ཨང་གསུམ་པ་རྟགས་ཅན་གྱི་གོ་ལ་ཧྲིལ་པོའི་སྲུང་སྐར་ཕྱོགས་སྟོན་མ་ལག་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པའི་མཛད་སྒོར་ཕེབས་ཏེ་བྱང་སྐར་སྤུན་བདུན་ཨང་གསུམ་པ་རྟགས་ཅན་གྱི་གོ་ལ་ཧྲིལ་པོའི་སྲུང་སྐར་ཕྱོགས་སྟོན་མ་ལག་དངོས་སུ་སྤྱོད་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ།
འདི་ནི་ཟླ་7ཚེས་31ཉིན་གྱི་སྔ་དྲོར། བྱང་སྐར་སྤུན་བདུན་ཨང་གསུམ་པ་རྟགས་ཅན་གྱི་གོ་ལ་ཧྲིལ་པོའི་སྲུང་སྐར་ཕྱོགས་སྟོན་མ་ལག་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པའི་མཛད་སྒོ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་མཛད་སྒོར་ཕེབས་ནས་བྱང་སྐར་སྤུན་བདུན་ཨང་གསུམ་པ་རྟགས་ཅན་གྱི་གོ་ལ་ཧྲིལ་པོའི་སྲུང་སྐར་ཕྱོགས་སྟོན་མ་ལག་དངོས་སུ་སྤྱོད་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ།
བྱང་སྐར་སྤུན་བདུན་ཨང་གསུམ་པ་རྟགས་ཅན་གྱི་གོ་ལ་ཧྲིལ་པོའི་སྲུང་སྐར་ཕྱོགས་སྟོན་མ་ལག་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ་ལས། རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་དོན་ཆེན་སྒྲུབ་པའི་ཆབ་སྲིད་ཀྱི་ལེགས་ཆ་གང་ལེགས་མངོན་ཏེ། རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་ཤུགས་སྟོབས་ཆེར་འགྲོ་བ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་རྒྱུན་རྣམ་ཅན་གྱི་ཆ་རྐྱེན་འོག་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་སྐུལ་འདེད་གཏོང་བ། མིག་སྔའི་རྒྱལ་སྤྱིའི་དཔལ་འབྱོར་དུས་བབ་འོག་རང་རྒྱལ་གྱི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ། མི་རིགས་ཀྱི་གདེང་ཚོད་སྔར་ལས་འཕེལ་བ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཧུར་ཐག་བྱེད་པ་བཅས་ལ་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། ལོ་26རིང་བྱང་སྐར་སྤུན་བདུན་གྱི་སྲུང་སྐར་ཕྱོགས་སྟོན་མ་ལག་ཞིབ་བཟོ་བྱེད་མཁན་མི་སྣ་ཡོངས་ཀྱིས་དཀའ་ངལ་ཁྱད་བསད་དང་། དམག་འཐབ་དྲག་པོ་རྒྱག་ཕོད་པ། རྒྱུན་མཐུད་འབད་འཐབ་བཅས་བྱས་ཏེ“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་བཏང་ནས་དུས་རབས་གསར་པའི་བྱང་སྐར་སྤུན་བདུན་གྱི་སྙིང་སྟོབས་སྐྱེད་སྲིང་བྱས་པ་དེ་དག་རྒྱུན་འཛིན་དང་དར་སྤེལ་ཡག་པོ་གཏོང་དགོས། བྱང་སྐར་སྤུན་བདུན་གྱི་སྲུང་སྐར་ཕྱོགས་སྟོན་མ་ལག་གི་ཉེར་མཁོ་ཁྱབ་གདལ་གཏོང་བ་དང་། མ་ལག་འཁོར་སྐྱོད་བརྟན་པོ་ཡོང་བའི་འགན་ལེན་བྱེད་པ་སོགས་ཀྱི་རྗེས་མཐུད་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་31ཉིན་གློག་འཕྲིན་འབྱོར་གསལ། བྱང་སྐར་སྤུན་བདུན་གྱི་སྐར་འོད་ཆེམ་ཆེམ་དུ་འཚེར་ནས་ཕྱོགས་བཞི་མཚམས་བརྒྱད་བརྒྱན་པར་བྱས། ཚེས་31ཉིན་གྱི་སྔ་དྲོར། བྱང་སྐར་སྤུན་བདུན་ཨང་གསུམ་པ་རྟགས་ཅན་གྱི་གོ་ལ་ཧྲིལ་པོའི་སྲུང་སྐར་ཕྱོགས་སྟོན་མ་ལག་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པའི་མཛད་སྒོ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་མཛད་སྒོར་ཕེབས་ནས་བྱང་སྐར་སྤུན་བདུན་ཨང་གསུམ་པ་རྟགས་ཅན་གྱི་གོ་ལ་ཧྲིལ་པོའི་སྲུང་སྐར་ཕྱོགས་སྟོན་མ་ལག་དངོས་སུ་སྤྱོད་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་སྦྲགས། བྱང་སྐར་སྤུན་མདུན་གྱི་སྲུང་སྐར་ཕྱོགས་སྟོན་མ་ལག་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་དང་། ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་སྲུང་སྐར་ཕྱོགས་སྟོན་མ་ལག་ཞིབ་བཟོ་དང་འཛུགས་སྐྲུན་ལ་ཞུགས་མཁན་མི་སྣ་ཡོངས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་མཛད་སྒོར་ཕེབས་པ་རེད།
མི་དམངས་ཚོགས་ཁང་ཆེ་མོ་བརྗིད་ཉམས་རབ་ཏུ་ཆེ་བ་དང་། ཚོམས་ཆེན་ཤར་མར་གློག་འོད་རབ་ཏུ་འཚེར་བ། རྣམ་པ་འཁྲུག་ཆ་དོད་པོ་བཅས་ཡོད། ཆུ་ཚོད་10དང་ཕྱེད་ཀར་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་སོགས་མཛད་སྒོ་འཚོག་ཡུལ་དུ་ཕེབས་པ་རེད།
ལིའུ་ཧོས་མཛད་སྒོ་གཙོ་སྐྱོང་གནང་བ་རེད། མཛད་སྒོའི་ཐོག་བྱང་སྐར་སྤུན་བདུན་ཨང་གསུམ་པ་རྟགས་ཅན་གྱི་གོ་ལ་ཧྲིལ་པོའི་སྲུང་སྐར་ཕྱོགས་སྟོན་མ་ལག་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་གནས་ཚུལ་མཚོན་པའི་བརྙན་ལམ་ཐུང་གྲས་བསྟན་པ་རེད། ཀྲང་ཡིའུ་ཞ་ཡིས་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་རྟེན་འབྲེལ་གློག་འཕྲིན་སྒྲོག་སྦྱངས་གནང་བ་རེད།
ཆུ་ཚོད་10དང་སྐར་མ་48ལ་ཞི་ཅིན་ཕིང་ཀྲུའུ་ཞི་སྡིངས་ཆའི་ཐོག་ཕེབས་ཏེ“བྱང་སྐར་སྤུན་བདུན་ཨང་གསུམ་པ་རྟགས་ཅན་གྱི་གོ་ལ་ཧྲིལ་པོའི་སྲུང་སྐར་ཕྱོགས་སྟོན་མ་ལག་དངོས་སུ་སྤྱོད་འགོ་ཚུགས་པའི”ཁྱབ་བསྒྲགས་གནང་བ་དང་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་དགའ་བསུ་མཚམས་མི་ཆད་པ་ཞུས་ཡོད།
ཞི་ཅིན་ཕིང་གིས་བྱང་སྐར་སྤུན་བདུན་གྱི་སྲུང་སྐར་ཕྱོགས་སྟོན་མ་ལག་དང་ལྷག་དོན་དུ་བྱང་སྐར་སྤུན་བདུན་ཨང་གསུམ་པ་རྟགས་ཅན་གྱི་གོ་ལ་ཧྲིལ་པོའི་སྲུང་སྐར་ཕྱོགས་སྟོན་མ་ལག་སྐྲུན་པའི་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས་བྱང་སྐར་སྤུན་བདུན་ཨང་གསུམ་པ་རྟགས་ཅན་གྱི་གོ་ལ་ཧྲིལ་པོའི་སྲུང་སྐར་ཕྱོགས་སྟོན་མ་ལག་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ་ལས། རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱིས་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་དོན་ཆེན་སྒྲུབ་པའི་ཆབ་སྲིད་ཀྱི་ལེགས་ཆ་གང་ལེགས་མངོན་ཏེ་རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་ཤུགས་སྟོབས་ཆེར་འགྲོ་བ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་རྒྱུན་རྣམ་ཅན་གྱི་ཆ་རྐྱེན་འོག་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་སྐུལ་འདེད་གཏོང་བ། མིག་སྔའི་རྒྱལ་སྤྱིའི་དཔལ་འབྱོར་དུས་བབ་འོག་རང་རྒྱལ་གྱི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ། མི་རིགས་ཀྱི་གདེང་ཚོད་སྔར་ལས་འཕེལ་བ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཧུར་ཐག་བྱེད་པ་བཅས་ལ་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད། ལོ་26རིང་བྱང་སྐར་སྤུན་བདུན་གྱི་སྲུང་སྐར་ཕྱོགས་སྟོན་མ་ལག་ཞིབ་བཟོ་བྱེད་མཁན་མི་སྣ་ཡོངས་ཀྱིས་དཀའ་ངལ་ཁྱད་བསད་དང་། དམག་འཐབ་དྲག་པོ་རྒྱག་ཕོད་པ། རྒྱུན་མཐུད་འབད་འཐབ་བཅས་བྱས་ཏེ“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་དར་སྤེལ་བཏང་ནས་དུས་རབས་གསར་པའི་བྱང་སྐར་སྤུན་བདུན་གྱི་སྙིང་སྟོབས་སྐྱེད་སྲིང་བྱས་པ་དེ་དག་རྒྱུན་འཛིན་དང་དར་སྤེལ་ཡག་པོ་གཏོང་དགོས། བྱང་སྐར་སྤུན་བདུན་གྱི་སྲུང་སྐར་ཕྱོགས་སྟོན་མ་ལག་གི་ཉེར་མཁོ་ཁྱབ་གདལ་གཏོང་བ་དང་། མ་ལག་འཁོར་སྐྱོད་བརྟན་པོ་ཡོང་བའི་འགན་ལེན་བྱེད་པ་སོགས་ཀྱི་རྗེས་མཐུད་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།
བྱང་སྐར་སྤུན་བདུན་གྱི་སྲུང་སྐར་ཕྱོགས་སྟོན་མ་ལག་ནི་ཏང་ཀྲུང་དབྱང་གིས་ཐབས་ཇུས་བཀོད་ནས་ལག་བསྟར་བྱས་པའི་རྒྱལ་ཁབ་ཀྱི་ཚན་རྩལ་འདུ་འགོད་གལ་ཆེན་ཞིག་རེད། ལས་གྲྭ་དེ་1994ལོར་འགོ་བཙུགས་པ་དང་། 2000ལོར་བྱང་སྐར་སྤུན་བདུན་གྱི་སྲུང་སྐར་ཕྱོགས་སྟོན་མ་ལག་ཨང་དང་པོ་བསྐྲུན་པ། 2012ལོར་བྱང་སྐར་སྤུན་བདུན་གྱི་སྲུང་སྐར་ཕྱོགས་སྟོན་མ་ལག་ཨང་གཉིས་པ་བསྐྲུན་ཡོད། བྱང་སྐར་སྤུན་བདུན་ཨང་གསུམ་པ་རྟགས་ཅན་གྱི་གོ་ལ་ཧྲིལ་པོའི་སྲུང་སྐར་ཕྱོགས་སྟོན་མ་ལག་ཕྱོགས་ཡོངས་ནས་བསྐྲུན་ཟིན་པ་མ་ཟད། སྤྱོད་འགོ་ཚུགས་ནས་ཞབས་འདེགས་ཞུས་པ་དེས་ལས་གྲྭ“གོམ་སྟབས་གསུམ་ལ་དབྱེ་བའི”འཕེལ་རྒྱས་ཀྱི་འཐབ་ཇུས་ལ་མཐའ་མའི་རྒྱལ་ཁ་ཐོབ་པ་དང་། རང་རྒྱལ་འཛམ་གླིང་ཐོག་གོ་ལ་ཧྲིལ་པོའི་སྲུང་སྐར་ཕྱོགས་སྟོན་མ་ལག་ཁེར་རྐྱང་དུ་དབང་བའི་རྒྱལ་ཁབ་གསུམ་པར་གྱུར་པ་མཚོན་ཡོད། མིག་སྔར་གོ་ལ་ཧྲིལ་པོར་རྒྱལ་ཁབ་དང་ས་ཁུལ་120ལྷག་ཙམ་གྱིས་བྱང་སྐར་སྤུན་བདུན་གྱི་སྲུང་སྐར་ཕྱོགས་སྟོན་མ་ལག་སྤྱོད་ཀྱི་ཡོད་པ་རེད།
འདི་ནི་ཟླ་7ཚེས་31ཉིན་གྱི་སྔ་དྲོར། བྱང་སྐར་སྤུན་བདུན་ཨང་གསུམ་པ་རྟགས་ཅན་གྱི་གོ་ལ་ཧྲིལ་པོའི་སྲུང་སྐར་ཕྱོགས་སྟོན་མ་ལག་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པའི་མཛད་སྒོ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་མཛད་སྒོར་ཕེབས་ནས་བྱང་སྐར་སྤུན་བདུན་ཨང་གསུམ་པ་རྟགས་ཅན་གྱི་གོ་ལ་ཧྲིལ་པོའི་སྲུང་སྐར་ཕྱོགས་སྟོན་མ་ལག་དངོས་སུ་སྤྱོད་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་སྦྲགས། བྱང་སྐར་སྤུན་བདུན་གྱི་སྲུང་སྐར་ཕྱོགས་སྟོན་མ་ལག་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་ཡང་གནང་བ་རེད།