འཛམ་གླིང་ཧྲིལ་པོར་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོས་པ་གཏན་འཁེལ་བྱུང་བའི་ནད་པ་བྱེ་བ་གཅིག་དང་ས་ཡ་བདུན་དྲུག་འབུམ་དྲུག་ཁྲི་ལས་བརྒལ་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-04


        འཛམ་གླིང་ཧྲིལ་པོར་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོས་པ་གཏན་འཁེལ་བྱུང་བའི་ནད་པ་བྱེ་བ་གཅིག་དང་ས་ཡ་བདུན་དྲུག་འབུམ་དྲུག་ཁྲི་ལས་བརྒལ་བ་དང་། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རིམས་ནད་རྒྱུན་མཐུད་བྱེད་པའི་དུས་ཚོད་ཅུང་རིང་པོ་ཡོད་པའི་སྔོན་དཔག་བྱས་ཡོད་པས་ཡུང་རིང་གི་ཁ་གཏད་གཅོག་པའི་བྱ་ཐབས་བཟུང་དགོས་པ།
        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་2ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས། ཡོ་རབ་དབུས་རྒྱུད་ཀྱི་དུས་ཚོད་སྤྱི་ཚེས་2ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར། འཛམ་གླིང་ཧྲིལ་པོར་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོས་པ་གཏན་འཁེལ་བྱུང་བའི་ནད་པ་ཉིན་གོང་མ་དང་བསྡུར་ན་ཉིས་འབུམ་དྲུག་ཁྲི་ཉིས་སྟོང་དགུ་བརྒྱ་ཉིས་ཤུ་རྩ་དགུ་མང་དུ་ཕྱིན་ནས། ཁྱོན་བསྡོམས་བྱེ་བ་གཅིག་དང་ས་ཡ་བདུན་དྲུག་འབུམ་དྲུག་ཁྲི་ལྔ་བརྒྱ་ཉིས་ཤུ་རྩ་གསུམ་ཟིན་ཡོད། ཚེ་འདས་ནད་པ་ཉིན་གོང་མ་དང་བསྡུར་ན་5851མང་དུ་ཕྱིན་ནས། ཁྱོན་བསྡོམས་དྲུག་འབུམ་བརྒྱད་ཁྲི་བརྒྱད་བརྒྱ་དགུ་བཅུ་གོ་བཞི་ཟིན་ཡོད་ཅེས་ཁྱབ་བསྒྲགས་བྱས་འདུག འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རིམས་ནད་རྒྱུན་མཐུད་བྱེད་པའི་དུས་ཚོད་ཅུང་རིང་པོ་ཡོད་པའི་སྔོན་དཔག་བྱས་ཡོད་པས། ཡུན་རིང་གི་ཁ་གཏད་གཅོག་པའི་བྱ་ཐབས་བཟུང་དགོས།
        འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་སྤྱི་ཟླ་8ཚེས་1ཉིན། ཏོག་གསར་གློ་ཚད་རིམས་ནད་ཀྱིས་སླར་ཡང་རྒྱལ་སྤྱི་ནས་དོ་ཁུར་བྱེད་པའི་གློ་བུར་དུ་ཐོན་པའི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ཆགས་ཡོད་པ་ཁྱབ་བསྒྲགས་བྱས་འདུག མིག་སྔར་འཛམ་གླིང་ཧྲིལ་པོའི་རིམས་ནད་ཀྱི་གནས་བབ་ལ་གཞིགས་ན། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་ལས་བྱ་ཐན་ཏེ་སའེ་ཡིས། དྭངས་ཁྲག་རིག་པའི་ཞིབ་འཇུག་ལས་གསལ་བར། འཛམ་གླིང་ཧྲིལ་པོའི་མི་མང་ཆེ་བར་སླར་ཡར་ཏོག་གསར་གློ་ཚད་ཀྱི་རིམས་ནད་འགོས་བདེ་བ་དང་། རིམས་ནད་ཚབས་ལྗིད་པོ་ཡོད་པའི་ས་ཁུལ་དུ་ཡང་དེ་ལྟར་ཡིན་པ་རེད། རྒྱལ་ཁབ་མང་པོ་ཞིག་གིས་རིམས་ནད་ཀྱི་ཆེས་དཀའ་ཚེགས་ཆེ་བའི་དུས་སྐབས་ལས་བརྒལ་ཟིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ནའང་ད་ལྟ་གསར་དུ་ཐོན་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱིས་རྒྱལ་ཁབ་དེ་དག་སྡུག་བསྔལ་གྱི་རྒྱ་མཚོའི་ནང་ལྷུངས་དུ་བཅུག་ཡོད། རིམས་ནད་ཤུགས་རྐྱེན་ཆེན་པོ་ཐེབས་མེད་པའི་རྒྱལ་ཁབ་ཁ་ཤས་སུ་གཏན་འཁེལ་བྱུང་བའི་ནད་པ་དང་ཚེ་འདས་ནད་པ་མང་དུ་འགྲོ་བའི་གནས་ཚུལ་ཐོན་བཞིན་ཡོད་པ་དང་། རིམས་ནད་ཐོན་ཆེ་བའི་རྒྱལ་ཁབ་ཏུ་ད་ལྟ་གནས་བབ་ཚོད་འཛིན་ཐུབ་ཡོད་ཅེས་བསྟན་འདུག
        ཨུ་རུ་སུའི་ཚན་ཞིབ་མི་སྣས་ཉིན་ཤས་གོང་། ཁོང་ཚོས་རྒྱལ་ཁབ་མི་འདྲ་བའི་ཏོག་གསར་ནད་དུག་གི་གཞི་རྒྱུའི་ཚོགས་སྒྲིག་ལས་ཐོབ་པའི་གྲངས་གཞི་1000ལྷག་ཙམ་ནས། གཞི་རྒྱུ་ཐོལ་འགྱུར་བྱུང་བ་1251ཤེས་རྟོགས་བྱུང་ཡོད། ཡིན་ནའང་ཐོལ་འགྱུར་གྱི་གནས་ཚུལ་དེས་ཏོག་གསར་གློ་ཚད་ཀྱི་རིམས་ནད་དེ་རང་བྱུང་ནས་བྱུང་བ་ཞིག་ཡིན་པ་དང་། དེའི་རིམ་འགྱུར་གྱི་བརྒྱུད་རིམ་ཁྲོད་དུ་སུས་ཀྱང་ཐེ་གཏོགས་བྱེད་པའི་སྣང་ཚུལ་མཐོང་མི་ཐུབ་ཅེས་བསྟན་ཡོད་པ་རེད།
        ཨ་རིའི་ཏོག་གསར་གློ་ཚད་ཀྱི་རིམས་ནད་མུ་མཐུད་ཇེ་སྡུག་ཏུ་སོང་བ་དང་། ཡུའེ་ཧན་སི་ཧོ་ཕུ་ཅིན་སི་སློབ་ཆེན་ཐད་ཀྱི་གྲངས་གཞི་ལས་མངོན་པར། མིག་སྔའི་མི་ཞི་ཞི་པིའི་མངའ་སྡེའི་ནད་དུག་གདགས་གཤིས་ཡིན་པ་བརྒྱ་ཆ་21.11ཟིན་ཡོད་པ་དང་། ཨ་རི་ཡོངས་ནས་མཐོ་ཤོས་དེ་ཡིན་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1