ཚན་རིག་པས་གསར་རྙེད་བྱུང་བའི་ས་རོའུ་མུ་རྙིང་མའི་མནའ་བོའི་མཁར་རྫོང་གི་དཔེ་རིས་ཆ་ཚང་།
སྤྱི་ཟླ་12པའི་ཚེས་4ཉིན། དབྱིན་ཇིའི་སྨྱན་སྦྱོར་གྱིས་མཚམས་སྦྱོར་གྱིས་གནས་ཚུལ་གསར་འདོན་བྱས་པ་ལྟར་ན། དབྱིན་ཇིའི་གནའ་རྫས་རྟོག་ཞིབ་པས་ས་བརྐོ་མ་དགོས་པར། ས་རོའུ་མུ་རྙིང་མའི་མནའ་བོའི་མཁར་རྫོང་གི་དཔེ་རིས་ཆ་ཚང་ལེགས་འགྲུབ་ངང་ཕབ་ཐུབ་ཡོད།
མནའ་རྫས་རྟོག་ཞིབ་པས་བཤེར་འབེབས་ལག་རྩལ་ཆེས་གསར་པ་དེ་སྤྱད་ནས། དབྱིན་གྷི་ལན་གྱི་ལྷོ་ནུབ་སུ་ཡོད་པའི་ས་ལེ་སི་བྷི་རེ་ཞེས་པའི་དུས་རབས་11པའི་སྐབས་ཀྱི་གནའ་བོའི་གྲོང་ཁྱེར་ཞིག་གི་འཛུགས་སྐྲུན་སྐོར་ཁག་ཅིག་རྙེད་སོན་བྱུང་ཡོད།
བཤེར་འབེབས་བྱས་པ་ལས་གནའ་མཁར་འདིའི་རྒྱ་ཆེ་བའི་འཛུགས་སྐྲུན་སྒྲིག་གཞི་མཐོང་ཐུབ་ལ། དེ་ནི་ཕལ་ཆེར་འགོག་སྲུང་མ་ལག་ཅིག་ཡིན་པ་འདྲ། དེ་མིན་ཡངས་ཤིང་རྒྱ་ཆེ་བའི་ས་སྟོང་སོགས་ཀྱང་མཐོང་ཐུབ། །