རྔ་བ་ཁུལ་རྨ་ཆུའི་འགྲམ་རྒྱུད་ཀྱི་ཡུལ་སྐོར་མཛེས་ལྗོངས།
ཉེ་བའི་ལོ་འདི་དག་གི་རིང་། ཞིང་གྲོང་ཡུལ་སྐོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། རྔ་བ་ཁུལ་གྱིས་ཞིང་གྲོང་ཡུལ་སྐོར་འཕེལ་རྒྱས་ཀྱི་ལས་ཀ་ནན་ཏན་གྱིས་སྒྲུབ་བཞིན་ཡོད་དེ། གཙོ་བོ་གཤམ་གྱི་དོན་ཚན་འདི་དག་ནས་ལས་ཀ་ལག་བསྟར་བྱ་རྒྱུ་རེད།
དང་པོ་ནི། འཆར་འགོད་གཙོ་བོར་བཟུང་ནས། ཁྱད་ལྡན་ཡུལ་སྐོར་དང་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་། ཞིང་སྡེའི་ཡུལ་སྐོར་སྤུས་ལེགས་འཕེལ་རྒྱས་ཀྱི་འཆར་འགོད་འཐུས་ཚང་དུ་གཏོང་བ། གཉིས་པ་ནི། ཁམས་གསེང་ཞིང་ལས་དང་ཞིང་གྲོང་སྐྱེ་ཁམས་ཡུལ་སྐོར། དེ་བཞིན་ཞིང་ལས་ཐོན་ལས་ཅན་དང་ཁྱད་ཆོས་ཅན་དུ་གཏོང་བ་བཅས་གཞི་གཅིག་ཏུ་སྦྲེལ་ནས། ངལ་གསོའི་སྐབས་ཁམས་གསེང་གཏོང་ཞོར་དུ། རང་བྱུང་ཡུལ་ལྗོངས་དང་ཞིང་རའི་མཛེས་ལྗོངས་ལ་བལྟ་བ། ཞིང་ལས་ཐོན་སྐྱེད་ལ་ཉམས་ལེན་བྱེད་པ་སོགས་ཞིང་གྲོང་ཡུལ་སྐོར་ལས་ཀའི་གཙོ་བོར་འཛིན་དགོས་པ། གསུམ་པ་ནི། ཞིང་གྲོང་ཡུལ་སྐོར་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པར་སྐུལ་སྤེལ་བཏང་ནས། ཞིང་ཆེན་རིམ་པའི་ཞིང་གྲོང་ཡུལ་སྐོར་གྱི་དཔེ་སྟོན་རྫོང་དང་། ཡུལ་ཤོག སྡེ་བ། དེ་མིན་སྐར་མ་རིམ་པའི་ཞིང་བའི་སྤྲོ་སྐྱིད་གླིང་དང་ཞིང་གྲོང་གི་ཆང་ཁང་འཛུགས་སྐྲུན་བྱ་དགོས། བཞི་པ་ནི། སྤྱི་གཉེར་ཁང་དང་ཞིང་བའི་ཁྱིམ་ཚང་། སྤྱི་གཉེར་ཁང་དང་ཡུལ་སྐོར་བྱེད་ས་ཡི་རྣམ་པ་དར་སྤེལ་དུ་བཏང་ནས། ཚོགས་པ་ཆེན་པོ་དང་སྤྱི་གཉེར་ཁང་ཆེན་པོ། དམངས་ཁྲོད་བཅས་ནས་ཞིང་གྲོང་ཡུལ་སྐོར་དང་ཡོངས་འདུས་ཡུལ་སྐོར་གསར་སྤེལ་བྱེད་པའི་ཐད་ལ་མ་དངུལ་གཏོང་བར་སྣེ་ཁྲིད་བྱ་དགོས། འདི་ལྟར་ཞིང་གྲོང་ཡུལ་སྐོར་ལེགས་བསྡུས་ཞིབ་བཤེར་ཅན་དུ་འགྱུར་བ་དང་། སྒྲིག་གཞི་ཅན། ཚད་ལྡན་ཅན་བཅས་ཀྱི་ཕྱོགས་སུ་འགྱུར་བར་འཕེལ་རྒྱས་གཏོང་དགོས། །