རྒྱལ་ཁབ་འབྲུབ་འགོག་ཐན་འགོག་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུས་རེས་སྐོར་གསར་པའི་དྲག་ཆར་ལ་འགོག་ཟོན་དང་ཁ་གཏད་གཅོག་རྒྱུའི་ཐད་བཀོད་སྒྲིག་བྱས་པ།
རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 08-12
གསར་འགོད་པས་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱས་པར། སྔོན་དཔག་བྱས་པ་ལྟར་ན། ཟླ8པའི་ཚེས11ཉིན་ནས་ཚེས13ཉིན་བར་ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད་དང་། ཧྭ་བྱང་། བྱང་ཤར། ཧོང་ཧོའེ་བཅས་དང་དེ་བཞིན་སི་ཁྲོན་གཤོངས་ས་སོགས་སུ་དྲག་ཆར་ཐེངས་ཤིག་འབབ་རྒྱུ་དང་། ས་ཆ་ཁག་གཅིག་ཏུ་ཆར་པ་ཆེན་པོ་ནས་དྲག་ཆར་འབབ་རྒྱུ། ད་དུང་ས་ཆ་ཁག་གཅིག་ཏུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། གོང་གསལ་གྱི་ས་ཆར་དུས་ཐུང་ནང་ཆར་པ་ཆེན་པོ་དང་འབྲུག་ཆར་ཆེན་པོའམ་ཡང་ན་སེར་བ་སོགས་ཀྱི་གཏད་རྒྱུག་གནམ་གཤིས་བསྟན་རྒྱུ་རེད།
ཚེས9ཉིན་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུས་གྲོས་མོལ་ཚོགས་འདུ་འཚོགས་ནས་བླང་བྱ་བཏོན་དོན།རིམ་ཁག་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུས་རེས་སྐོར་གསར་པའི་དྲག་ཆར་འབབ་པའི་ཉེན་ཁའི་མངོན་མེད་རྐྱེན་ངན་ལ་ལྟ་ཞིབ་ནན་པོ་བྱས་ནས་མུ་མཐུད་དོགས་ཟོན་ཆེན་པོ་བྱེད་དགོས། ཆུ་མཛོད་དང་། གཏེར་སྙིགས་མཛོད། ཆུ་ལོག་གི་ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་འབྱུང་ས། གྲོང་ཁྱེར་གྱི་ཞོད་སྐྱོན་ཐོན་སླ་བའི་ས་ཁུལ་སོགས་གཙོ་གནད་ས་ཁོངས་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ་འབྲུབ་འགོག་གེགས་སེལ་གྱི་བྱ་ཐབས་ཁག་ཏན་ཏིག་དང་ཞིབ་ཚགས་ངང་དམ་འཛིན་བྱེད་དགོས། རྒྱལ་ཁབ་འབྲུབ་འགོག་གཞུང་དོན་ཁང་གིས་རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར་གྱི་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའུ་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུས་བརྡ་ཐོ་བཏང་ནས་རིམ་ཁག་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའུ་ལ་རེས་སྐོར་གསར་པའི་དྲག་ཆར་འགོག་ཟོན་ལ་ཁ་གཏད་གཅོག་པ་དང་ཆ་འཕྲིན་སྐྱེལ་བའི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པ་དང་། ཞིང་ཆེན་རིམ་པའི་འབྲུབ་འགོག་ཐན་འགོག་ལས་དོན་གྱི་གསལ་ཐོ་དང་ཐོལ་བྱུང་ཉེན་ཁའི་གནས་ཚུལ་སྙན་སེང་གི་གཏན་འབེབས་གཞིར་བཟུང་། དུས་ཐོག་ཏུ་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་གཞུང་དོན་ཁང་ལ་འབྲེལ་ཡོད་ཆ་འཕྲིན་སྙན་སེང་ཞུ་དགོས་པའི་བླང་བྱ་བཏོན་པ་རེད།
ཉིན་དེར། འཕྲལ་སྡོམ་དོ་དམ་པུས་ཨན་ཧུའེ་དང་ཅང་ཤིས་སུ་གེགས་སེལ་ཆེད་དོན་ལས་དོན་ཚོགས་ཆུང་2མངགས་པའི་རྨང་གཞིའི་ཐོག་གེགས་སེལ་ཆེད་དོན་ལས་དོན་ཚོགས་ཆུང་2ཧུའུ་པེ་དང་ཧུའུ་ནན་དུ་གནོད་འཚེའི་གནས་ཚུལ་ལ་ཞིབ་བཤེར་དཔྱད་དཔོག་བྱེད་པར་བཏང་ནས་གནོད་འཚེ་ཕོག་པའི་ས་གནས་མང་ཚོགས་ལ་རོགས་སྐྱོབ་དང་རོགས་སྐྱོར་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་སྡོད་ཁང་སླར་གསོ་བསྐྱར་སྐྲུན་དང་གནོད་འཚེ་ཕོག་པའི་རྐྱེན་གྱིས་དབུལ་པོར་གྱུར་པ་དང་དབུལ་པོ་བསྐྱར་ལོག་སྔོན་འགོག་སོགས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་བ་རེད། འཕྲལ་སྡོམ་དོ་དམ་པུས་ཨན་ཧུའེ་དང་། ཅང་ཤིས། ཧུའུ་པེ། ཧུའུ་ནན་སོགས་གཙོ་གནད་ཞིང་ཆེན་ལ་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་གྱི་བདེ་འཇགས་དོ་དམ་དང་མང་ཚོགས་ཀྱི་འཚོ་བའི་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབ་རྒྱུར་ལྟ་སྐུལ་མཛུབ་ཁྲིད་བྱས་པ་རེད། མིག་སྔར་གོང་གསལ་ཞིང་ཆེན་དུ་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་339ཡོད། གནོད་འཚེ་ཕོག་པའི་མང་ཚོགས་ཁྲི་2.5ཙམ་བཀོད་སྒྲིག་བྱས་པ་དེ་གཟའ་འཁོར་གཅིག་གི་གོང་ལས་མི་ཁྲི་2.3ཉུང་དུ་ཕྱིན་ཡོད། གནོད་འཚེ་ཕོག་པའི་ས་གནས་ཏང་ཨུད་དང་སྲིད་གཞུང་གིས་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག གནོད་འཚེ་ཕོག་པའི་མང་ཚོགས་གཅིག་རྗེས་གཉིས་མཐུད་ཀྱིས་ཁྱིམ་དུ་ལོག་པར་གོ་རིམ་ལྡན་པའི་ངང་སྒྲིག་འཛུགས་བྱས་ཏེ་ཐོན་སྐྱེད་དང་འཚོ་བའི་རྒྱུན་གཏན་སྒྲིག་ལམ་གང་མགྱོགས་སླར་གསོ་དང་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་རོགས་བྱེད་བཞིན་ཡོད་པ་རེད། །