བཀའ་བསྟན་གཅིག་པུ་མ་ཡིན་པའི་ཧོར་གྱི་བཀའ་བསྟན་རྡོ་བརྐོས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 09-02



              ཟླ་8པའི་ཟླ་སྨད་དུ། གསར་འགོད་པ་དང་བཅས་པ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གི་ཧོར་བཀའ་བསྟན་རྡོ་བརྐོས་གནས་སའི་ཡུལ་དུ་འབྱོར་ཞིང་།  གསར་འགོད་པས་གནས་དེར་ས་གནས་དེ་གའི་བོད་ཀྱི་མང་ཚོགས་མང་པོ་ཞིག་གིས་བཀའ་བསྟན་རྡོ་བརྐོས་ལ་སྐོར་བ་རྒྱག་བཞིན་པ་མཐོང་།  ལས་དོན་མི་སྣས་གསར་འགོད་པར་བཤད་རྒྱུར། མིག་སྔའི་བར། ཧོར་བཀའ་བསྟན་རྡོ་བརྐོས་ཀྱི་གྱང་ངོས་གཙོ་བོར་ཡིག་འབྲུ་ཁྲི་3966ཙམ་བརྐོས་ཡོད་པ་དང་། དེའི་ནང་དོན་གཙོ་བོ་ནི《བཀའ་འགྱུར》དང་《བསྟན་འགྱུར》སོགས་ཡིན་པ་མ་ཟད། བཀའ་བསྟན་ལས་གཞན། ཧོར་བཀའ་བསྟན་རྡོ་བརྐོས་སུ་ད་དུང་སྐུ་འདྲ་དང་མཆོད་རྟེན་སོགས་ཀྱི་རི་མོའི་བརྩམས་ཆོས་སྟོང་གཉིས་ལྷག་ཙམ་ཡོད་ཅིང་། འདི་དག་རང་བཞིན་གྱིས་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ་དང་འཛམ་གླིང་ཐོག་གི་རྡོའི་དཔེ་ཆ་ཆེ་ཤོས་སུ་གྱུར་ཡོད་པ་རེད།

འདི་ནི་ས་གནས་དེ་གའི་མང་ཚོགས་ཀྱིས་བཀའ་བསྟན་རྡོ་བརྐོས་ལ་སྐོར་བ་རྒྱག་བཞིན་པའི་རྣམ་པ་རེད།

འདི་ནི་ཧོར་བཀའ་བསྟན་རྡོ་བརྐོས་དང་ཧོར་དགོན་པའི་གནས་རྙིང་རེད།

འདི་ནི་ཧོར་བཀའ་བསྟན་རྡོ་བརྐོས་ཀྱི་གྱང་ངོས་གཙོ་བོ་རེད།
              ཧོར་བཀའ་བསྟན་རྡོ་བརྐོས་རིག་གནས་ཀྱི་རིན་ཐང་དང་སྙན་པའི་གྲགས་པ་རབ་ཏུ་རྒྱས་པས། ས་གནས་དེ་གའི་རྡོ་བརྐོས་ཐོན་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་ཁྲིད་ཐུབ་ཡོད་ཅིང་། རྩེ་ཁོག་རྫོང་དང་། ལྷག་པར་དུ་ཧོར་ཞང་གི་དུད་ཁྱིམ་ཚང་མས་རྡོ་བརྐོས་བྱེད་ཤེས་ཀྱི་ཡོད་པ་དང་། ཆེད་དུ་རྡོ་བརྐོས་བྱེད་པའི་ཁྱིམ་ཚང་ལ་ལོ་རེར་ཡོང་འབབ་སྒོར་ཁྲི་བཞི་ནས་ཁྲི་ལྔ་ལྷག་ཡོད་ཅིང་། རྒྱལ་ཡོངས་ཀྱི་ས་ཆ་སོ་སོར་ཐོན་རྫས་ཕྱིར་འཚོང་བྱེད་ཀྱི་ཡོད་ལ། 2019ལོར་ཧོར་ཞང་གི་རྡོ་བརྐོས་ཕྱིར་འཚོང་བྱས་པའི་བསྡོམས་འབོར་སྒོར་ཁྲི་52ཟིན་ནས་ས་གནས་དེ་གའི་མང་ཚོགས་དབུལ་སྒྲོལ་ཐུབ་པ་རེད། མིག་སྔར། ས་གནས་དེ་གའི་སྲིད་གཞུང་གིས་རིག་གནས་ཡུལ་སྐོར་མཛེས་ལྗོངས་ཁུལ་གཏོད་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་ཅིང་། ད་ལྟ་སྣེ་ལེན་ཚོམས་ཆེན་གྱི་ལས་མཇུག་སྒྲིལ་ཟིན། སྔོན་དཔག་བྱས་ན་ཡུན་རིང་མི་འགོར་བར་ཧོར་བཀའ་བསྟན་རྡོ་བརྐོས་ནི་ས་གནས་དེ་གའི་ནང་བའི་དད་ལྡན་མང་ཚོགས་ཀྱི་སྐོར་བ་རྒྱག་སའི་གནས་གཅིག་པུ་ཙམ་མ་ཡིན་པར། ད་རུང་ས་གནས་དེའི་དཔལ་འབྱོར་གྱི་འཕེལ་རྒྱས་ལ་རམ་འདེགས་ཐུབ་རྒྱུ་རེད།

འདི་ནི་ཧོར་བཀའ་བསྟན་རྡོ་བརྐོས་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པའི་ནང་ཚུད་པའི་རྡོ་རིང་རེད།

              འདི་ནི་ནང་ཆོས་དང་། སྐུ་འདྲ། མཆོད་བརྟེན་བརྐོས་པའི་བཀའ་བསྟན་རྡོ་བརྐོས་རེད།   
           འདི་ནི་བཀའ་བསྟན་རྡོ་བརྐོས་ཀྱི་ཟུར་ཞིག་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1