རྨ་ཆུའི་རྒྱུད་ཀྱི“ལྗང་མདོག་གནས་སྐོར།”

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 09-08



    རྨ་ཆུའི་འབའ་མདོའི་མཚམས་ཀྱི་ཁུགས་སོ།

        རྐ་རྒན་ཆུ་བོ་ནི་ཐུན་ཏེ་རྫོང་མཁར་གྱི་ལྷོ་རྒྱུད་དུ་བཞུར་ཞིང་། འབའ་ཆུའི་རིམ་པ་དང་པོའི་ཆུ་ལག་དང་རྨ་ཆུའི་རིམ་པ་གཉིས་པའི་ཆུ་ལག་ཡིན། 2018ལོར། ཐུན་ཏེ་རྫོང་གིས་རྐ་རྒན་ཆུ་མཛོད་ཆུའི་འབྱུང་གནས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་ལ་ཆ་སྒྲིག་འཛུགས་སྐྲུན་བྱེད་ཆེད། རྐ་རྒན་ཆུ་བོའི་སྦགས་བཙོག་འགོག་བཅོས་དང་ཁོར་ཡུག་བཅོས་སྐྱོང་བྱ་བ་སྤེལ་མགོ་བརྩམས་པ་དང་། མ་དངུལ་སྒོར་ཁྲི2800བཏང་སྟེ། ཆུ་བོའི་སྦགས་བཙོག་འགོག་བཅོས་དང་ཁོར་ཡུག་བཅོས་སྐྱོང་འགག་སྒྲོལ་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་ཆེད། རྐ་རྒན་ཆུ་བོ་འབའ་ཆུའི་ནང་དུ་བཞུར་ཞིང་། འབའ་ཆུ་རྨ་ཆུའི་ནང་དུ་འདྲེས། ཐུན་ཏེ་རྫོང་གིས་ཆུ་མ་གཞི་བྱས་ནས། རྨ་ཆུའི་རྒྱུད་ཀྱི“ལྗང་མདོག་གནས་སྐོར”བཀོད་འབྲི་བྱས།

འབའ་ཆུ་རྨ་ཆུའི་ནང་དུ་འདྲེས་པ།


རྨ་ཆུའི་འགྲམ་དུ་གད་སྙིགས་འཐུ་བཞིན་པའི་སྐྱེ་ཁམས་བདག་སྲུང་པ།

རྐ་རྒན་ཆུ་བོའི་འགྲམ་གྱི་སྐྱེ་ཁམས་ལྗང་ལམ།


རྐ་རྒན་ཆུ་བོའི་འགྲམ་དུ་ཆུ་རགས་རྩིག་བཞིན་པ།    


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1