ཆམ་ནད་ནི་ནད་དུག་སྣ་ཚོགས་འགོས་པ་ལས་བྱུང་བའི་དབུགས་ལམ་གྱི་དོས་དྲག་རང་བཞིན་གྱི་ནད་ཅིག་རེད། ལོ་གཅིག་དུས་བཞིར་ཆམ་པ་ཕོག་པ་དང་ལྷག་དོན་དུ་དགུན་དཔྱིད་གཉིས་སུ་ཆམ་པ་འཕོག་སླ་པོ་ཡོད། ཆམ་པར་དབུགས་ལམ་གྱི་འགོ་ནད་དང་འགོ་ཁྱབ་ཆེ་བའི་ཆམ་རིགས་གཉིས་ཡོད། ནད་འགོག་ནུས་པ་ཆེ་མཁན་ལ་སྤྱིར་བཏང་གི་ཆམ་ནད་ཕོག་ཚེ། སྨན་གཏོང་མི་དགོས་པར་རང་བཞིན་གྱིས་དྲག་གི་ཡོད། འོན་ཀྱང་ཕྲུ་གུ་དམར་འབྱར་དང་། རྒན་འཁོགས། དེ་བཞིན་གཟུགས་པོ་ཅུང་སྐྱོ་བའི་རིགས་ལ་ཆམ་ནད་ཕོག་ཚེ། ནད་གཞི་ལྕི་རུ་འགྲོ་བའམ་ཡང་ན་ནད་གཞི་གཞན་སློང་བའི་རྒྱུ་རུ་འགྲོ་ཉེན་ཆེན་པོ་ཡོད། དེར་བརྟེན། ཆམ་པར་སྔོན་འགོག་སྨན་འོས་འཚམ་བཏང་ན་འགྲིག་གི་ཡོད།
ཡིན་ནའང་། ཆམ་པའི་སྨན་གང་བྱུང་དུ་བཏང་ན། ཆམ་པ་དྲག་རྒྱུ་ལྟ་ཅི། སྐབས་རེ་སྲོག་ལའང་ཉེན་ཁ་བཟོ་སྲིད། ལྷག་དོན་དུ། བྱིས་པར་ཆམ་ནད་ཕོག་ཚེ་སྨན་པ་བསྟེན་པ་དང་། བརྟག་དཔྱད་བྱེད་པར་འཁྲིད་དགོས་པ་ལས། ཁྱིམ་བདག་གིས་རང་དགར་ཆམ་པའི་སྨན་གང་བྱུང་དུ་སྟེར་རྒྱུ་མེད།