ཤང་ཆུའི་འགྲམ་གྱི་ཕུགས་འདུན་ཆུང་ཆུང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 11-06



       ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་དུ་བོད་ཆས་མངགས་ཉོ་བྱེད་པའི་ཁ་པར་ཞིག་འབྱོར་རྗེས་བསོད་ནམས་དགྲ་འདུལ་གྱིས་གཏམ་བཟང་དེ་མཉམ་ལས་ཁང་གི་ལས་བཟོ་པ་ཚོར་བཤད། 
       ལོ་ན38ལ་སླེབས་པའི་བསོད་ནམས་དགྲ་འདུལ་ནི་གཞིས་རྩེའི་རྣམ་གླིང་རྫོང་ར་ཐང་ཤང་སྤོ་རྟོག་གྲོང་ཚོའི་གྲོང་མི་ཞིག་ཡིན། སྔོན་ཆད་གཙོ་བོ་ཕྱི་ལ་སོང་ནས་གླ་བྱེད་པ་དང་། གྲོང་ཚོར་ཐོན་ལས་འཕེལ་རྒྱས་ཀྱི་འདེགས་སྐྱོར་རྣམ་གྲངས་མེད་ལ། རྫོང་མཁར་དང་ཐག་རིང་ཞིང་། རྣམ་གླིང་རྫོང་ཡང་རྒྱལ་ཁབ་ཀྱི་ཤིན་ཏུ་དབུལ་བའི་རྫོང་གི་གྲས་ཡིན་སྟབས། འདི་དག་ཚང་མ་ཁོའི་སེམས་ཁོང་གི་ན་ཟུག་ཅིག་ཏུ་གྱུར་ཡོད།
       ལོ་ངོ10རིང་ལ་འཚེམ་བཟོའི་ལས་གཉེར་མཁན་བསོད་ནམས་དགྲ་འདུལ་ལ་མཚོན་ན། ན་ནིང་བཀྲ་ཤིས་པའི་དོན་ཆེན་ཞིག་ཡོད་དེ། ཀྲུང་གོ་རྡོ་སྣུམ་གཞིས་རྩེ་ཕྱིར་འཚོང་ཀུང་སིའི་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་གིས་སྲིད་ཇུས་སྒྲོག་འགྲེལ་དང་གྲོང་མི་ཚོས་རྩལ་ནུས་སྦྱོང་བར་མིང་ཐོ་འགོད་པར་སྐུལ་སློང་བྱེད་པའི་རྣམ་པའི་འོག ཁོས་རང་གི་འཚེམ་བཟོའི་ལག་རྩལ་གྱི་ཚོང་ལས་གོ་སྐབས་མཐོང་བ་དང་། དེ་ནས་ཤང་ཆུ(རྣམ་གླིང་ཤང་ཆུ)ཡི་འགྲམ་དུ་བོད་ལྗོངས་ཤང་ཞུང་ཨ་ཁུ་ཞིང་པའི་ཚེམ་བཟོ་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད།
བསོད་ནམས་དགྲ་འདུལ་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་པ། 
       2019ལོའི་ཟླ9པར་ཀྲུང་གོ་རྡོ་སྣུམ་གཞིས་རྩེ་ཕྱིར་འཚོང་ཀུང་སིའི་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་བཅའ་སྡོད་བྱས་རྗེས། ཁོང་གིས་སྤོ་རྟོག་གྲོང་ཚོའི་རེ་བ་མཐོང་། ན་ནིང་ཆར་བ་ཆེན་པོ་ཞིག་བབས་ནས་གྲོང་ཚོ་ཡོངས་ཀྱི་དུད་ཚང82ཀྱི་མི576ལ་གནོད་སྐྱོན་ཕོག་པ་དང་། གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་གིས་འཕྲལ་དུ་སྒོར་ཁྲི10ཡི་འཚམས་འདྲིའི་དངོས་ཟོག་ ཞལ་འདེབས་སུ་ཕུལ་ནས། གྲོང་མི་ཚོར་དཀའ་ངལ་སེལ་རོགས་དང་ཐོན་སྐྱེད་སླར་གསོ་བྱེད་རོགས་བྱས་པ་རེད།  
གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་གིས་ཆ་སྒྲིག་རོགས་སྐྱོར་དུད་ཚང་ལ་འཚམས་འདྲིའི་དངོས་ཟོག་སྤྲོད་པ། 
       ཉིན་འགའི་སྔོན་དུ། བསོད་ནམས་དགྲ་འདུལ་གྱིས་གྲོང་ཚོའི་བཅའ་སྡོད་ཁྲུའུ་ནས་གཏམ་བཟང་ཞིག་ཐོས་པ་སྟེ། ཀྲུང་གོ་རྡོ་སྣུམ་བོད་ལྗོངས་ཕྱིར་འཚོང་ཀུང་སིས་གྲོང་ཚོའི་བཅའ་སྡོད་ས་ཚིགས་ལ་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི300ཞལ་འདེབས་ཕུལ་བ་དང་། འཆར་གཞི་ཡོད་པའི་སྒོ་ནས་མ་དངུལ་དེ་སྤྱད་ནས་ར་ཐང་ཤང་ལ་ཚོང་ཟོག་ཁང་པ་རྒྱག་རྩིས་ཡོད་ལ། ཞིང(འབྲོག)ཞོར་ཐོན་རྫས་ཕྱིར་འཚོང་དང་། ཚོང་ཟོག་ཁང་པ་ལྷག་མ་བོགས་མར་གཏོང་བ། ཚོང་ཟོག་ཁང་པ་བསྐྲུན་རྗེས་བོགས་དངུལ་སྒོར་ཁྲི24ཙམ་གྱི་ཡོང་འབབ་དེ་བཅའ་སྡོད་བྱེད་སའི་གྲོང་ཚོ7གྱི་རྨང་གཞིའི་འཛུགས་སྐྲུན་དང་ཐོན་ལས་རོགས་སྐྱོར་ཇེ་ལེགས་སུ་གཏོང་བའི་ཐད་ལ་སྤྱོད་རྒྱུ་ཡིན་པ་རེད། 
       བསོད་ནམས་དགྲ་འདུལ་གྱིས་གྲོང་མི་རྣམས་ཀྱིས་ཉིན་རེ་བཞིན་འབད་བརྩོན་བྱེད་པའི་རྣམ་པ་མཐོང་བ་དང་། གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་གི་རོགས་སྐྱོར་འོག་གྲོང་ཚོ་དང་གྲོང་མིའི་ཁོར་ཡུག་ལའང་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་བ། ར་ཐང་ཤང་གི་གྲོང་མི་རྣམས་ཀྱིསདབུལ་ཞྭ་ཕུད་ནས་འཚོ་བ་ཇེ་བཟང་དུ་སོང་སྟེ། རང་ཉིད་ཀྱི་ཕུགས་འདུན་ཆུང་ཆུང་དེ་རེ་རེ་བཞིན་མངོན་འགྱུར་བྱུང་བ་མཐོང་སྐབས། ཁོང་གི་སེམས་ལ་དགའ་སྤྲོ་དཔག་མེད་སྐྱེས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1