ཟླ་11ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་22པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཁྲོད་ཁྲིམས་སྐྱོང་གི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས》ཞེས་པ་འཁོད་ཡོད་པ་རེད།
གསུང་རྩོམ་ནང་ནན་བཤད་བྱས་དོན། ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་རྒྱུ་མཐའ་འཁྱོངས་བྱ་རྒྱུ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་མངོན་གསལ་དོད་པའི་ལེགས་ཆ་ཞིག་རེད།རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལ་རང་རེའི་ཏང་གི་རྒྱལ་ཁབ་སྐྱོང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་དང་ལག་ལེན་གྱི་ཉམས་མྱོང་འདུས་ཡོད། འདི་ནི་ལམ་ལུགས་བཅོས་སྐྱོང་གི་ཆེས་གཞི་རྩ་དང་། ཆེས་བརྟན་པ། ཆེས་ཡིད་རྟོན་རུང་བ་བཅས་ཀྱི་འགན་ལེན་ཞིག་རེད། ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཁྲོད་ཁྲིམས་སྐྱོང་གི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས།
གསུང་རྩོམ་ནང་བསྟན་དོན། ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ་མཐའ་འཁྱོངས་བྱས་ནས་ཀྲུང་གོའི་བཅོས་སྐྱོང་ལམ་ལུགས་ཀྱི་རྩ་བའི་རྨང་གཞི་བརྟན་དུ་གཏོང་དགོས། ཏང་གིས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ་དང་ཁྲིམས་བཞིན་སྲིད་སྐྱོང་བའི་ནུས་པ་ཆེ་རུ་གཏོང་དགོས་ཤིང་། ཁྲིམས་སྐྱོང་ལ་བརྟེན་ནས་མི་དམངས་ཀྱི་རང་ཁྱིམ་རང་བདག་འགན་ལེན་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། སྒྱུར་འཕེལ་བརྟན་གསུམ་ཁྲོད་ཀྱི་ཁྲིམས་སྐྱོང་གི་སྣེ་ཁྲིད་དང་། ཚད་ལྡན། འགན་ལེན་བཅས་ཀྱི་ནུས་པ་འདོན་སྤེལ་དེ་བས་ལེགས་པ་བྱས་ཏེ་བྱང་ཚད་མཐོ་བའི་ཁྲིམས་སྐྱོང་ལས་དོན་དཔུང་ཁག་སྐྲུན་དགོས།
གསུང་རྩོམ་ནང་བསྟན་དོན། རྩེ་རིམ་ཇུས་འགོད་དང་ཁྲིམས་སྐྱོང་ལག་ལེན་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་ཁྲིམས་སྐྱོང་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཕན་ནུས་ཆེ་རུ་གཏོང་དགོས། རྒྱལ་ཁབ་བཅོས་སྐྱོང་ལ་དགོས་གལ་ཆེ་བ་དང་མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་བའི་དགོས་ངེས་ཀྱི་བཅའ་ཁྲིམས་ལམ་ལུགས་གང་མགྱོགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། བཅའ་ཁྲིམས་ལག་བསྟར་གྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་ལག་བསྟར་དང་ཁྲིམས་འཛིན་གྱི་སྤུས་ཚད་དང་། ལས་ཆོད། ཀུན་གྱིས་ཡིད་ཆེས་བྱེད་ཚད་བཅས་མཐོ་རུ་ཧུར་ཐག་བཏང་སྟེ། དེ་བས་ལེགས་པའི་སྒོ་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལེགས་ཆ་རྒྱལ་ཁབ་བཅོས་སྐྱོང་གི་ནུས་པར་འགྱུར་བར་བྱེད་དགོས།
གསུང་རྩོམ་ནང་ནན་བཤད་བྱས་དོན། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་སྟེ་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ལ་སྣེ་ཁྲིད་དེ་ལམ་ལུགས་ལག་བསྟར་བྱེད་མཁན་གྱི་མིག་དཔེ་བྱེད་དགོས། དམངས་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་གཏོང་བ། དམངས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་བ། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བའི་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ་དང་ཀུན་སྤྱོད་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བ་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིམས་སྐྱོང་འཛུགས་སྐྱོང་ནང་བཞག་ནས་སྤྱི་ཚོགས་ཀྱི་དར་སྲོལ་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་བཟང་པོ་ཧུར་ཐག་ཆགས་པར་བྱེད་དགོས།