བོད་ཁྱིམ་སྤྲོ་ཁང་ནང“གཉེར་པ”ཡོད།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-24


      སི་ཁྲོན་ཉིན་རེའི་ཚགས་པར་ཁང་ནས་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་15ཉིན་གསར་འགོད་པ་དང་བཅས་པ་དཀར་མཛེས་རང་སྐྱོང་ཁུལ་ཕྱག་ཕྲེང་རྫོང་ཕྲེང་སྟོད་གྲོང་སྡེའི་གྲོང་སྟོད་གྲོང་ཚོར་གནས་པའི་སྐྱབས་གླིང་ཡུལ་མིའི་མགྲོན་ཁང་དུ་འབྱོར་བའི་ཚེ། འགྲུལ་པ་ཚོས་རྒྱུན་ཆད་མེད་པར་རྡོག་ཁྲེས་ཁྱེར་ནས་ཞག་སྡོད་བྱེད་ཀྱི་ཡོད་པ་དང་། ཡུལ་མིའི་མགྲོན་ཁང་གི“གཉེར་པ”ཚེ་རིང་ཆོས་སྒྲོན་གྱིས་བག་ཕེབས་ངང་སྣེ་ལེན་ཞུས་པ་སྟེ། ཡུལ་མིའི་མགྲོན་ཁང་གནས་སའི་བོད་ཀྱི་ཞིང་སྡེའི་4Aརིམ་པའི་མཛེས་ལྗོངས་ཁུལ་དུ་མཛེས་ལྗོངས་ཁུལ་གང་དག་ཡོད་པ་དང་། སེམས་ཀྱི་ཉི་ཟླ་ཆེན་མོའི་སྐོར་ལམ་གྱི་ཚིགས་མཚམས་ཁག་ཇི་ལྟར་སྦྲེལ་མཐུད་བྱེད་ཡོད་པ་ལ་སོགས་པར་ཚེ་རིང་ཆོས་སྒྲོན་རྒྱུས་མངའ་ཤིན་ཏུ་ཆེ།
     ཚེ་རིང་ཆོས་སྒྲོན་གྱི་གཏམ་རྒྱུད།
     2018ལོར། མ་གཞི་ཞབས་བྲོ་འཁྲབ་མཁན་ཡིན་པའི་ཚེ་རིང་ཆོས་སྒྲོན་རྫོང་སྒྱུ་རྩལ་ཚོགས་པ་ནས་ཐོན་ཏེ་ལས་ཞུགས་ཐེངས་གཉིས་པ་བྱེད་སྐབས་གྲོང་གསེབ་ཀྱི་ཡུལ་སྐོར་གདམ་ག་བྱས་པ་རེད། ཆ་རྒྱུས་མེད་པའི་ཁྱབ་ཁོངས་ཐོག་གཤིས་ཀ་འཇམ་པོ་ཡིན་པས་དང་ཐོག་ཚེ་རིང་ཆོས་སྒྲོན་ལ་དམིགས་གསལ་གྱི་མཚོན་ཚུལ་གང་ཡང་མེད། ལོ་གཉིས་རྗེས་ཀྱི་དེ་རིང་། ཚེ་རིང་ཆོས་སྒྲོན་འཚར་ལོངས་བྱུང་ནས་སྐྱབས་གླིང་ཡུལ་མིའི་མགྲོན་ཁང་གི་འབྲིང་རིམ“གཉེར་པ”གཅིག་པུ་དེ་གྱུར་བ་མ་ཟད། ད་དུང་རྗེས་གྲབས་ཚོང་དཔོན་གསོ་སྐྱོང་བྱ་ཡུལ་ཡང་ཡིན་པ་རེད།
     ཚེ་རིང་ཆོས་སྒྲོན་ནི་གྲོང་སྟོད་གྲོང་ཚོའི་ཡུལ་མིའི་མགྲོན་ཁང་གི“གཉེར་པ”ཚོགས་པ་མེད་པ་ནས་ཡོད་པ་དང་ཡོད་པ་ནས་ལེགས་པའི་བར་གྱི་བསྡུས་རིས་ཤིག་རེད། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་བབ་ཆགས་པའི“ས་གནས་དེ་གའི་གཉེར་པ”འདི་དག་གིས་གྲོང་ཚོ་དང་ཐ་ན་རྫོང་ཡོངས་ཀྱི“བོད་ཁྱིམ་སྤྲོ་ཁང”གི་སྤུས་ཚད་ཧྲིལ་པོ་མཐོ་རུ་བཏང་ནས་ཕྱིར་འཁོར་མགྲོན་པོ་སྐོར་ཞིག་ཐོབ་པར་མ་ཟད། ད་དུང་འདོད་མཐུན་ཡོང་སྒོ་ཡང་ཐོབ་ཡོད།
     2018ལོར་ལུའུ་ཀྲོའུ་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྱོར་མ་དངུལ་སྒོར་ཁྲི་300བཏང་ནས་གྲོང་སྟོད་གྲོང་ཚོར་སྐྱབས་གླིང་སྤུས་ལེགས་ཡུལ་མིའི་མགྲོན་ཁང་བཏོད་ཡོད། བོད་བཟོའི་འཛུགས་སྐྲུན་གྱི་གཞི་རྒྱུ་དང་དེང་རབས་རིག་ནུས་ཀྱི་ཁྱིམ་ཆས……ཡུལ་མིའི་མགྲོན་ཁང་གི་མཁྲེགས་ཆས་ཀྱི་རྨང་གཞི་ཇེ་མཐོར་སོང་མོད། འོན་ཀྱང་ཞབས་ཞུའི་མཉེན་ཆས་ཐད་སྐབས་ཤིག་རིང་ཡར་རྒྱས་ཆེན་པོ་བྱུང་མེད།
     རྒྱུ་རྐྱེན་ཧ་ཅང་སྟབས་བདེ་སྟེ། དོ་དམ་མི་སྣ་ཤོར་ཚད་མཐོ་བས་སོ༎ “ཡུལ་མིའི་མགྲོན་ཁང་གཉེར་སྐྱོང་གིས་དོ་དམ་མི་སྣར་བླང་བྱ་མཐོ་པོ་བཏོན་ཡོད། མགྲོན་པོའི་དགོས་མཁོ་ལྟར་རང་གཤིས་ཅན་གྱི་གཅིག་གཏད་གཅིག་གི་ཞབས་ཞུའི་འཆར་གཞི་བཟོ་དགོས་པ་མ་ཟད། ད་དུང་འགྲུལ་པའི་གནད་དོན་དང་དགོས་མཁོར་དུས་ཐོག་ཏུ་ཨ་ལན་སློག་དགོས་པ་དང་དཔྱད་ངན་དང་ཞུ་གཏུག་ཡོད་མི་ཆོག གཞན་ཡང་ང་ཚོས་དུས་ཐེངས་དང་པོའི་གཉེར་སྐྱོང་ལོ་གཉིས་ཀྱང་ཟིན་གྱི་མེད་པ་དང་། དུས་ཐེངས་གཉིས་པའི་གཉེར་སྐྱོང་ལོ་གཅིག་ཀྱང་ཟིན་གྱི་མེད། འགྲུལ་པ་འགྲོ་འོང་བྱེད་ཚད་དེ་བསམ་ཡུལ་གྱི་ཚད་ལ་སླེབས་མེད་པ་དང་དོ་དམ་མི་སྣའི་ཡོང་འབབ་ལ་ཤུགས་རྐྱེན་ཐེབས་པ་དང་ལས་ཀའི་ཧུར་སེམས་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད”ཅེས་སྐྱབས་གླིང་ཡུལ་མིའི་མགྲོན་ཁང་གི་ཚོང་དཔོན་ཅང་མོ་དབྱིང་གིས་བཤད།
     “གཉེར་པ”ཚོགས་པ་སྲ་བརྟན་དུ་གཏོང་ཆེད། ཡུལ་མིའི་མགྲོན་ཁང་གི་གཉེར་སྐྱོང་ཕྱོགས་ཡུན་ཅུའེ་ཆི་ཅིན་ཀུང་སིས་སྒྱུར་བཅོས་མང་པོ་བྱས་ཤིང་། དེའི་ཆ་འཐེན་བསྡུར་ཚད་མཐོ་རུ་གཏོང་བ་དང་གོམ་གང་མདུན་སྤོས་ཀྱིས་འགན་ལེན་ལས་དོན་ཡག་པོ་བསྒྲུབས་པ་མ་ཟད། ད་དུང་གོ་གནས་སྤར་བའི་ལམ་སྲོལ་གསལ་པོ་བཟོས་ཡོད་དེ། འབྲིང་རིམ“གཉེར་པ”ཡི་དཔྱད་ཞིབ་འཕྲོད་རྗེས། ད་རུང་ལས་གནས་གླ་ཕོགས་ཡོད།
     སྐུལ་སློང་སྒྲིག་སྲོལ་གསར་པའི་འོག ཐོག་མ་ཉིད་ནས་མཚོན་ཚུལ་དམིགས་གསལ་མེད་པའི་ཚེ་རིང་ཆོས་སྒྲོན་གྱིས་བརྩོན་འགྲུས་དང་འབད་བརྩོན་ལ་བརྟེན། ལས་སྒོ་དེ་བས་ཧུར་པོ་ཡོད་པ་མ་ཟད། ད་དུང་དྲག་རྩལ་ཇ་དང་ཀོག་ཧྥེ་སྦངས་པ་སོགས་རྣམ་གྲངས་ཚུད་པའི་འབྲིང་རིམ“གཉེར་པ”ཡི་ཞིབ་དཔྱད་བདེ་བླག་ངང་འཕྲོད་པ་རེད། 2019ལོའི་ཟླ་12པར་ཀུང་སིས་ཚེ་རིང་ཆོས་སྒྲོན་ཁྲེང་ཏུར་བསྐྱལ་ནས་གཟའ་འཁོར་གཅིག་གི་དུས་ཚོད་སྤྱད་དེ་མཐོ་སྐར་རིམ་པའི་མགྲོན་ཁང་3དུ་ཞིབ་བསྡུར་སློབ་སྦྱོང་བྱས་པ་རེད།
     ཡུལ་མིའི་མགྲོན་ཁང་གི་དར་རྒྱས།
     ལོ་གཉིས་ཉེ་བའི་རིང་ཚོགས་པའི་བར་མཐུན་སྦྱོར་བྱས་པ་དང་དེའི་ཐོག་ཡུལ་སྐོར་ལས་རིགས་སླར་གསོ་བྱུང་བས། ད་ཆ་ཡུལ་མིའི་མགྲོན་ཁང་གི“གཉེར་པ”དག་གི་ཡོང་འབབ་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་དཔུང་ཁག་ཀྱང་ཐོག་མའི་དུས་ལས་བརྟན་པོ་བྱུང་ཡོད།
     བདེ་སྐྱིད་སྒྲོལ་དཀར་ནི་ད་ལོ་ལྷ་ས་ནས་ལས་གནས་དགོངས་ཞུ་བྱས་ཏེ་ཕ་ཡུལ་དུ་ལོག་ནས་ལས་ཀ་འཚོལ་སྐབས་གདན་ཞུས་དང་ལེན་བྱས་ནས་སྐྱབས་གླིང་ཡུལ་མིའི་མགྲོན་ཁང་དུ“གཉེར་པ”བྱེད་པ་རེད། ཁོས“ཐག་ཉེ་ས་ནས་ལས་ཞུགས་ཐུབ་པར་ཧ་ཅང་དགའ་པོ་བྱུང་། ཁྱིམ་མིར་ལྟ་རྟོག་བྱེད་པ་ཡང་སྟབས་བདེ་བྱུང་ཡོད”ཅེས་བརྗོད་པ་དང་། ཁོས“སྤྲོ་སེམས་འཁོལ་བའི་མགྲོན་པོ་ཁག་གཅིག་གིས་ལག་རྟགས་ཆུང་ངུ་སྤྲོད་ཀྱི་ཡོད་པས་སེམས་ནང་དྲོ་སྐྱིད་ཚོར་གྱི་འདུག འོན་ཀྱང་ང་ཚོའི་ངོས་ནས་བཤད་ན། མགྲོན་པོའི་ཁས་ལེན་དེ་ལག་རྟགས་ལས་དེ་བས་རྩ་ཆེ། ངས་མུ་མཐུད་ཡག་པོ་སྒྲུབ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད།
     གནམ་གཤིས་ཡག་པོ་དང་། ཞིང་རའི་བོད་ཡུལ། སྡོད་ཁང་སྐྱིད་པོ་བཅས་ཀྱི་ཐོག་སྙིང་ཉེ་བའི་ཞབས་ཞུ་བྱས་པར་བརྟེན། ད་ལྟ་སྐྱབས་གླིང་ཡུལ་མིའི་མགྲོན་ཁང་ལ་ཕྱིར་འཁོར་མགྲོན་པོ་སྐོར་ཞིག་ཡོད། དེའི་ནང་དཀར་མཛེས་རང་སྐྱོང་ཁུལ་ཡི་ཕྱི་དང་ཐ་ན་སི་ཁྲོན་ཞིང་ཆེན་ཕྱིའི་ཕྱིར་འཁོར་མགྲོན་པོ་ཡོད། ཐ་ན་ཀོང་ཏུང་ནས་ཡོང་བའི་རྩོམ་པ་པོ་ཞིག་བསྟུད་མར་ལོ་འགའི་དབྱར་ཁར་འདིར་ཡོང་ནས་ཟླ་ཕྱེད་ཙམ་སྡོད་ཀྱི་ཡོད། ད་ལོའི་ཟླ་8པ་ནས་10པའི་བར་སྐྱབས་གླིང་གི་ཞག་སྡོད་བྱེད་ཚད་85%ལས་བརྒལ་ཡོད་པ་རེད།
     ལུའུ་ཀྲོའུ་གྲོང་ཁྱེར་བོད་སྐྱོར་རུ་ཁག་གི་ཁོངས་མི་ཁྲེན་ལིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཀུང་སིས་གཉེར་སྐྱོང་བྱེད་པའི་ཡུལ་མིའི་མགྲོན་ཁང་ཕྱག་ཕྲེང་རྫོང་ཡོངས་སུ་5ཡོད་དེ། ཕྲེང་སྟོད་གྲོང་རྡལ་དང་། ཤམ་བྷ་ལ་གྲོང་རྡལ། རག་ཝུ་ཤང་བཅས་ཤང་གྲོང་3དུ་ཁྱབ་པ་མ་ཟད། ད་དུང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཡུལ་མིའི་མགྲོན་ཁང་10ལྷག་ཙམ་འཕེལ་རྒྱས་བཏང་ཡོད། “གོམ་སྟབས་རྗེས་མར་ང་ཚོས་ཡུལ་མིའི་མགྲོན་ཁང་དེ་དག་རྨང་གཞིར་བྱས་ཏེ། ཕྱག་ཕྲེང་གི་བོད་ཁྱིམ་ཡུལ་སྐོར་གྱི་མིང་བྱང་གསར་པར་བརྟེན་ནས‘བོད་ཁྱིམ་སྤྲོ་ཁང’ཡུལ་སྐོར་དེ་གཙོ་བོར་བྱེད་པའི་ཁྱད་ལྡན་ཡུལ་སྐོར་དབུལ་སྐྱོར་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། ས་གནས་དེ་གའི་མང་ཚོགས་ཀྱི་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཐབས་ལམ་སྔར་བས་རྒྱ་ཆེར་གཏོང་རྒྱུ་ཡིན”ཞེས་བརྗོད། (http://tibet.people.com.cn/15830492.html) 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1