ཞི་ཅིན་ཕིང་གིས་མི་དམངས་སློབ་གསོ་དཔེ་སྐྲུན་ཁང་གི་བློ་མཐུན་རྒན་གྲས་ལ་འཕྲིན་ལན་སྤྲིངས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 12-01


        ཉེ་དུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་སློབ་གསོ་དཔེ་སྐྲུན་ཁང་གི་རྒན་ཡོན་ཞུས་པའི་བློ་མཐུན་རྒན་གྲས་ཁག་ཅིག་ལ་འཕྲིན་ལན་སྤྲིངས་ནས་མི་དམངས་སློབ་གསོ་དཔེ་སྐྲུན་ཁང་གི་བློ་མཐུན་ཡོངས་ལ་ལྷག་བསམ་དག་པའི་འཚམས་འདྲི་དང་། བསླབ་གཞི་རྩོམ་སྒྲིག་དང་ཞིབ་འཇུག དཔེ་སྐྲུན་བཅས་བྱེད་པའི་ལས་དོན་ཐད་ཐུགས་རེ་ཟབ་མོ་བཅངས་གནང་ཡོད།
        ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། ལོ་ངོ་70ལྷག་གི་རིང་། མི་དམངས་སློབ་གསོ་དཔེ་སྐྲུན་ཁང་གིས་རྨང་གཞིའི་སློབ་གསོའི་བསླབ་གཞི་དང་སློབ་གསོའི་དཔེ་དེབ་རྩོམ་སྒྲིག་དང་ཞིབ་འཇུག དཔེ་སྐྲུན་བཅས་བྱེད་པའི་ཐད་སྐུ་ལས་ཚད་མེད་དང་འབད་འཐབ་ལྷོད་མེད་གནང་ནས་རང་རྒྱལ་གྱི་སློབ་གསོའི་བྱ་གཞག་གོང་འཕེལ་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་གནང་ཡོད། ང་རང་ནས་ཁྱེད་རྣམ་པ་དང་དཔེ་སྐྲུན་ཁང་གི་ལས་མི་ཡོངས་ལ་ལྷག་བསམ་དག་པའི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད།
        ཞི་ཅིན་ཕིང་གིས། ལོ་བརྒྱའི་ཇུས་ཆེན་ལས། སློབ་གསོ་ནི་གཙོ་བོ་ཡིན། མི་དམངས་སློབ་གསོ་དཔེ་སྐྲུན་ཁང་གིས་ཀུན་སྤྱོད་མི་སྐྱོང་གི་རྩ་བའི་ལས་འགན་ལ་དམ་པོར་གཞིགས་ནས་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་དང་། ཕུལ་བྱུང་གི་སྲོལ་རྒྱུན་དར་སྤེལ། བསྒྱུར་བཅོས་གསར་གཏོད་ལ་སྐུལ་འདེད། བློ་སྒོ་ཕྱེ་ཞིང་ཤེས་རིག་འཕེལ་བའི་ཕུལ་བྱུང་བསླབ་གཞི་གཏོད་པ་བཅས་བྱས་ཏེ་ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཆ་ཚང་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུད་འཛིན་པ་གསོ་སྐྱོང་བྱེད་པ་དང་སློབ་གསོ་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྱོང་བྱེད་པའི་ཐད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་སྟོན་གནང་ཡོད།
        མི་དམངས་སློབ་གསོ་དཔེ་སྐྲུན་ཁང་ནི་སྤྱི་ལོ་1950ལོར་དབུ་བརྙེས་པ་དང་། ད་ལྟའི་བར་རྨང་གཞིའི་སློབ་གསོའི་བསླབ་གཞི་དང་སློབ་གསོའི་དཔེ་དེབ་ཞིབ་འཇུག་དང་། རྩོམ་སྒྲིག དཔེ་སྐྲུན། འགྲེམ་སྤེལ་བཅས་བྱེད་པའི་ལས་ལ་གཞོལ་ཞིང་ཡོད། ཉེ་བའི་ལོའི་རིང་ད་དུང་སློབ་གྲྭ་འབྲིང་ཆུང་གི་ཀུན་སྤྱོད་དང་ཁྲིམས་ལུགས། སྐད་ཡིག ལོ་རྒྱུས་བཅས་གཅིག་གྱུར་བསླབ་གཞི་གསུམ་རྩོམ་སྒྲིག་དང་དཔེ་སྐྲུན་བྱེད་པའི་ལས་འགན་ཁུར་ཡོད། ལོ་ངོ་70རིང་། མི་དམངས་སློབ་གསོ་དཔེ་སྐྲུན་ཁང་གིས་སྔ་རྗེས་སུ་རྒྱལ་ཡོངས་སྤྱི་སྤྱོད་ཀྱི་སློབ་གྲྭ་འབྲིང་ཆུང་གི་བསླབ་གཞི་ཆ་ཚང་བཅུ་གཅིག་རྩོམ་སྒྲིག་དང་ཞིབ་འཇུག དཔེ་སྐྲུན་བཅས་བྱས་པ་དང་། རིམ་རྩིས་བྱས་ན་རིགས་ཁག་གི་དཔེ་སྐྲུན་དངོས་པོ་ཁྲི་7ལྷག་པར་དུ་བསྐྲུན་པ་དང་། འགྲེམ་སྤེལ་བྱེད་ཚད་དེབ་དུང་ཕྱུར་750ལྷག་ཟིན་ཡོད། ཉེ་དུས། དཔེ་སྐྲུན་ཁང་དེའི་རྒན་ཡོན་ཞུས་པའི་བློ་མཐུན་རྒན་གྲས་ཁག་ཅིག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ཏེ། དཔེ་སྐྲུན་ཁང་གི་བློ་མཐུན་ཡོངས་ཀྱི་ཚབ་ཞུས་ཏེ་མི་དམངས་སློབ་གསོ་དཔེ་སྐྲུན་ཁང་གིས་ལོ་ངོ་70རིང་དཔེ་སྒྲིག་མི་སྐྱོང་གི་འགན་འཁྲི་ལག་བསྟར་བྱས་ཚུལ་སྙན་སེང་ཞུས་པ་མ་ཟད་རང་རྒྱལ་གྱི་སློབ་གསོ་དཔེ་སྐྲུན་བྱ་གཞག་དར་རྒྱས་ཡོང་བའི་ཐད་སྟོབས་ཤུགས་ལེགས་སྐྱེས་འབུལ་འདོད་ཡོད་པའི་ཆོད་སེམས་མཚོན་པར་བྱས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1