2015ལོའི་SONYཡི་འཛམ་གླིང་པར་ལེན་འགྲན་བསྡུར་གྱི་འགྲན་ཞུགས་བརྩམས་ཆོས་དག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-12


པར་བ་ཨན་ཏེ་ལུའུ་སུའུ་ཡུའེ་ནོ་ཡིས་པ་ལི་གླིང་ཕྲན་ཐོག་ནས་བླངས་པའི་པར་གྱི་བརྩམས་ཆོས་ཤིག སྤྲ་ཞིག་གིས་ངང་ལག་གི་ལོ་མ་མགོ་རུ་ཁུར་ནས་ཆར་ཆུ་འགོག་བཞིན་པའི་ཚུལ།

              སྤྱི་ཟླ་12པའི་ཚེས་9ཉིན། དབྱིན་ཇིའི་《ཉིན་རེའི་སྦྲག་སྲིད་ཚགས་པར།》ཐོག་གནས་ཚུལ་བཀོད་གསལ། 2015ལོའི་SONYཡི་འཛམ་གླིང་པར་ལེན་འགྲན་བསྡུར་གྱི་བརྩམས་ཆོས་བསྡུ་བའི་དུས་ཚོད་ལ་ཟླ་གཅིག་ཡས་མས་ལས་མེད་པའི་དུས་འདིར། འགྲན་བསྡུར་རྩ་འཛུགས་ཁང་དུ་པར་བ་མང་པོ་ཞིག་གི་བརྩམས་ཆོས་བསྐུར་ནས་ཐོན་ཡོད་པ་མ་ཟད། འགྲན་ཞུགས་བརྩམས་ཆོས་འགའ་ཤས་ཤིག་སྤྱི་བསྒྲགས་ཀྱང་བྱས་ཡོད། SONYཡི་འཛམ་གླིང་པར་ལེན་འགྲན་བསྡུར་ནི་འཛམ་གླིང་གི་པར་བ་ཚང་མར་ཁ་གཏད་པ་ཞིག་ཡིན་ཏེ། ཆེད་ལས་པར་བ་དང་ཆེད་ལས་མ་ཡིན་པའི་པར་བ། དེ་མིན་སློབ་མ་སོགས་ཚང་མ་འགྲན་བསྡུར་ནང་མཉམ་ཞུགས་བྱ་ཆོག་གི་ཡོད།

            འདིའི་ནང་གི་པར་གྱི་བརྩམས་ཆོས་མང་ཆེ་བ་ཡག་པོ་འདུག ལྷག་པར་དུ་མིག་དབང་འཕྲོག་པའི་བརྩམས་ཆོས་ནི་ཧིན་ཉིའི་བུ་མོ་ཞིག་གིས་བྱི་ལ་ཞིག་བཟུང་འདུག་པ་དེ་དང་། ནུབ་རྒྱ་མཚོ་ཆེན་པོའི་གླིང་ཕྲན་ཐོག་གི་ངང་པ་རེ་འཆང་ཁྱུ་ཞིག་ཡོད་པ་དེ། ད་རུང་བྱེ་ཐང་དམར་པོའི་མཁའ་དབྱིངས་སུ་སྐྱོད་བཞིན་པའི་ཚོན་མདངས་སྣ་ལྔའི་དབུགས་སྒང་སོགས་རེད།

ཧིན་ཉིའི་པར་བ་ཨ་ལི་ཧྥུ་ཞི་སི་ཝན་ཧོ་ནོ་ཡིས་བླངས་པའི་བུ་མོའི་འདྲ་པར། ཁོ་མོ་དང་རང་ཁྱིམ་གྱི་བྱི་ལ་ཕན་ཚུན་གྲོགས་པོ་ཆགས་ཡོད།

པར་བ་ནེ་ཁི་ནེ་གྷི་ཡིས་རྒྱ་གར་ཀ་ལི་ཀ་ཏ་ཡི་ཧུའུ་གྷི་ལི་མཚོ་འགྲམ་ནས་བླངས་པའི་འདྲ་པར་བརྩམས་ཆོས།

འཇར་མན་གྱི་པར་བ་ལར་ཧྥུ་ཝུན་ཏེ་རི་ཁེ་ཡིས་བླངས་པའི་བྷིར་ལིན་གྱང་གི་ཐོག་སྐས་གྱི་འདྲ་པར།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1