བཅིངས་འགྲོལ་དམག་གི་དཔོན་དམག་གིས་ནན་ཅིང་དུ་དམར་གསོད་ཆེན་པོ་བྱས་པའི་ཁྲོད་ཀྱི་འདས་པོ་ཚོར་མྱ་ངན་ཞུ་བཞིན་པ།
སྤྱི་ཟླ་12པའི་ཚེས་10ཉིན། བཅིངས་འགྲོལ་དམག་གི་དཔོན་དམག་མའོ་ཡུས་དམ་བཅའ་འཇོག་པའི་མཛད་སྒོར་ཞུགས་ཡོད་ལ། ཉིན་དེར། ནན་ཅིང་དུ་སྡོད་པའི་བཅིངས་འགྲོལ་དམག་གི་དཔོན་དམག་གིས་ཀྲུང་གོར་བཙན་འཛུལ་བྱེད་མཁན་འཇར་པན་གྱི་དམག་གིས་ནན་ཅིང་དུ་དམར་གསོད་ཆེན་པོ་བྱས་པའི་ཁྲོད་ཀྱི་འདས་པོ་དྲན་གསོ་ཁང་གི་ཞི་བདེའི་སྤྱི་གླིང་དུ། རྒྱལ་ཁབ་ཀྱི་ངོ་ཚ་བརྗེད་མི་རུང་ཞིང་། ཀྲུང་ཧྭ་ཡི་ཕུགས་འདུན་མངོན་འགྱུར་བྱེད་ཅེས་པའི་བརྗོད་དོན་གྱི་ཐོག་དམ་བཅའ་འབུལ་བའི་མཛད་སྒོ་སྤེལ་ནས། ནན་ཅིང་དམར་གསོད་ཆེན་པོའི་ཁྲོད་ཀྱི་འདས་པོ་ཡོངས་ལ་མྱ་ངན་ཞུས་པ་མ་ཟད། ལོ་རྒྱུས་དྲན་གསོ་དང་རྒྱལ་སྲུང་དམ་འཛིན། ཞི་བདེ་སྲུང་སྐྱོང་བཅས་ཀྱི་ཆོད་སེམས་ཡོད་དགོས་པར་བསྟན། སྤྱི་ཟླ་12པའི་ཚེས་13ཉིན། ནན་ཅིང་དམར་གསོད་ཆེན་པོའི་ཁྲོད་ཀྱི་འདས་པོ་ཚོར་རྒྱལ་ཁབ་གཞུང་ནས་མྱ་ངན་ཞུ་བའི་མཛད་སྒོ་སྤེལ་རྒྱུ་ཡིན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་རྣམས་ཀྱང་མཛད་སྒོ་འདིའི་ཐོག་ཕེབས་རྒྱུ་རེད། །