སྐབས་དེ་དུས་ཁྲེན་ཏུའུ་ནས་དར་མདོའི་བར་དུས་ཚོད་2གྱིས་ལམ་ཐག་ཇེ་མགྱོགས་སུ་བཏང་ཡོད།
ཉེ་ཆར། ཞིང་ཆེན་སྲིད་གཞུང་གིས་《སི་ཁྲོན་ཞིང་ཆེན་གྱི་འབྲི་ཆུའི་འབབ་རྒྱུད་ཀྱི་ས་གནས་དཔལ་འབྱོར་དང་ཕྱོགས་བསྡུས་འགྲིམ་འགྲུལ་སྣ་མང་ཅན་གྱི་འཆར་འགོད་སྐུལ་འདེད་དང་ལག་བསྟར་ལས་ཀའི་འཆར་གཞི།》ཞེས་པ་ཁྱབ་བསྒྲགས་བྱས་པ་དང་། དེའི་ནང་དུ་མ་དངུལ་སྒོར་དུང་ཕྱུར་555བཏང་ནས་འབྲི་ཆུའི་འབབ་རྒྱུད་བཟང་ཤོས་ཀྱི་སི་ཁྲོན་ས་ཁོངས་ཀྱི་ནུས་པ་མཐོར་འདེགས་གཏོང་རྒྱུ་དང་། མ་དངུལ་སྒོར་དུང་ཕྱུར་7407བཏང་ནས་ལྕགས་ལམ་དང་གཞུང་ལམ། དམངས་སྤྱོད་གྲུ་གཟིངས་སོགས་ཕྱོགས་བསྡུས་སྣ་མང་ཅན་གྱི་འགྲིམ་འགྲུལ་ལས་ཀ་སྐུལ་འདེད་གཏོང་རྒྱུའི་སྐོར་བཀོལ་ཡོད།
《འཆར་གཞི།》འི་ནང་བསྟན་དོན། མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ཐད་གཡག་རྔ་ནས་དར་མདོ་བར་དང་ཕན་ཀྲི་ཧྭ་ནས་ས་དམ་བར། ཝུན་ཁྲོན་ནས་འབར་ཁམས་བར་སོགས་ཀྱི་འཛུགས་སྐྲུན་བྱེད་བཞིན་ཡོད་པའི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་གྱི་ལས་ཀར་སྐུལ་འདེད་བྱེད་ཤུགས་ཇེ་མགྱོགས་སུ་བཏང་ནས། འཆར་གཞི་ལྟར་བཟོ་སྐྲུན་བྱེད་པ་དང་རླངས་འཁོར་ཤར་གཏོང་ཐུབ་པར་ཁག་ཐེག་བྱ་དགོས། ཤེས་རྟོགས་བྱུང་བ་ལྟར་ན། གཡག་རྔ་ནས་དར་མདོ་བར་གྱི་མྱུར་བགྲོད་གཞུང་ལམ་ལས་འགོ་བཙུགས་ནས་2017ལོར་རླངས་འཁོར་ཤར་གཏོང་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསལ་པོར་བསྟན་ཡོད།