ཞི་ཅིན་ཕིང་གིས་མྱ་ངན་ཞུ་བའི་མཛད་སྒོའི་ཐོག་གསུང་བཤད་གནང་བཞིན་པ།
སྤྱི་ཟླ་12པའི་ཚེས་13ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་ནན་ཅིང་དུ། ནན་ཅིང་དམར་གསོད་ཆེན་པོའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོ་ཚོར་མྱ་ངན་ཞུ་བའི་མཛད་སྒོ་གཟབ་རྒྱས་ངང་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་མཛད་སྒོར་ཞུགས་ལ་གསུང་བཤད་གལ་ཆེན་གནང་།
ནན་ཅིང་དམར་གསོད་ཆེན་པོའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་འདས་པོ་ཚོར་རྒྱལ་ཁབ་གཞུང་ནས་མྱ་ངན་ཞུ་བའི་མཛད་སྒོའི་རྣམ་པ།
ཁོང་གིས་གནའ་སྔ་མོ་ནས་བཟུང་། ཞི་བདེ་ནི་མིའི་རིགས་ཀྱི་ཆེས་རྒྱུན་རིང་གི་འདུན་པ་ཡིན་ལ། ཞི་བདེ་ནི་དྲོ་འཇམ་གྱི་ཉི་འོད་དང་འདྲ་ལ་སྦྲང་ཆར་དང་ཡང་འདྲ། ཉི་འོད་དང་སྦྲང་ཆར་གྱིས་སྐྱེ་དངོས་མཐའ་དག་སྐྱོན་བྲལ་ངང་འཚར་ལོངས་བྱུང་ཐུབ་པ་དང་། མིའི་རིགས་ཀྱིས་ཞི་བདེ་དང་བརྟན་ལྷིང་ལ་བརྟེན་ནས་སྔར་ལས་ལྷག་པའི་སྒོ་ནས་རང་ཉིད་ཀྱི་ཕུགས་བསམ་མངོན་འགྱུར་བྱེད་ཐུབ། ཞི་བདེ་བརྩོན་ལེན་དང་སྲུང་སྐྱོང་བྱ་དགོས་པ་དེ་ལོ་རྒྱུས་ཀྱིས་ང་ཚོར་བཤད་ཡོད་ལ། མི་ཚང་མས་ཞི་བདེ་གཅེས་སྤྲས་དང་སྲུང་སྐྱོང་བྱེད་པ་དང་། མི་ཚང་མས་དམག་འཁྲུག་གི་ཡིད་སྐྱོ་བའི་བསླབ་བྱ་སེམས་སུ་ངེས་ཚེ་གཞི་ནས་ཞི་བདེ་ཡོང་བའི་རེ་བ་ཡོད་ཅེས་ནན་གསུང་གནང་། །