བོད་ལྗོངས་སུ་ཁུང་འབྲུག་གི་རྗེས་ཤུལ་མང་པོ་རྙེད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྠོངས་དྲ་བ། སྤེལ་དུས། 12-17




          2020ལོའི་ཟླ12པའི་ཚེས12ཉིན། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཚན་རིག་པའི་ཚོགས་པས་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་དུ་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་(恐龙)གི་རྗེས་ཤུལ་མང་པོ་རྙེད་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་དང་། ཞིབ་འཇུག་དཔྱད་རྩོམ་དེ་རྒྱལ་སྤྱིའི་གནའ་བོའི་སྐྱེ་དངོས་རིག་པའི་དུས་དེབ《ལོ་རྒྱུས་སྐྱེ་དངོས་རིག་པ》ཞེས་པའི་དུས་དེབ་ཏུ་བཀོད་ཡོད། 
          དཔྱད་རྩོམ་ནང་དུ་རྐང་རྗེས་ཡོད་པའི་གནས་4དང་རྩངས་པའི་རྐང་པའི་རིགས་ཀྱི་ཁུང་འབྲུག་(恐龙)གི་རྐང་རྗེས99ཙམ་ཞིབ་བརྗོད་བྱས་ཡོད་པ་དང་དེ་དག་གི་རིང་ཚད་ལ་ལི་སྨི22ནས99.3བར་མི་འདྲ་བ་ཡོད། རྐང་རྗེས་ཚང་མ་ཆེ་ཆུང་མི་འདྲ་བ་གསུམ་དུ་དབྱེ་ཆོག་ཅིང་། དེ་དག་ཚང་མ་ཐོག་འབྲུག་(雷龙)གི་རྐང་རྗེས་སུ་གཏོགས་པ་རེད། 
          དེའི་ཁྲོད་ཀྱི་རིང་ཚད་འབྲིང་བ་དང་ཆུང་བའི་རྗེས་ཤུལ་ནི་གནས་འདིའི་གནས་ཚུལ་ཐེངས་དང་པོར་ཁྱབ་བསྒྲགས་བྱས་པ་ཡིན་ལ། དེ་སྔོན་ཟིན་ཐོར་བཀོད་པའི་ཀེང་རུས་འགྱུར་རྡོར་བལྟས་ཚེ་ཆབ་མདོ་ས་ཁུལ་གྱི་ཁུང་འབྲུག(恐龙)སྲོག་ཆགས་ཀྱི་ཁྱུ་ཚོགས་དེ་སི་ཁྲོན་གྱི་ཀྲུའུ་ལུའོ་ཧྲེ་(侏罗世) ཡི་སི་ཁྲོན་ཁུང་འབྲུག་སྲོག་ཆགས་ཀྱི་ཁྱུ་ཚོགས་དང་འདྲ་པོ་ཡོད། 
          ཚན་རིག་པས་རྗེས་ཤུལ་ཆེ་འབྲིང་ཆུང་གསུམ་འཇོག་མཁན་དེ་དག་གི་གཟུགས་པོའི་རིང་ཚད་ལ་སྨི22དང་། སྨི10དང་སྨི5བཅས་ཡིན་པ་དང་། དེའི་ཁྲོད་རྐང་རྗེས་ཆེ་གྲས་འཇོག་མཁན་དེ་ཀྲུའུ་ལུའོ་ཧྲེ་(侏罗世)བར་མ་དང་ཕྱི་མའི་དུས་སྐབས་སུ་ཀྲུང་གོའི་ནུབ་རྒྱུད་ཀྱི་མ་མོན་ཞི་ཁུང་འབྲུག་(马门溪龙)རིགས་སུ་གཏོགས་ཤས་ཆེ་བར་ངོས་འཛིན་གནང་བཞིན་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1